4
བད་ལ་ལ་ ༢༡༣༨ རབ་ང་ར་འ་གས་ཡས་ལ། བད་་ ཚས་ ༢༢ རས་གཟའ་ག་པ། ལ་ ཨང༌། ༢༤ དས་བད་མའ་ག་འགས་་བན་རའ་ལས་རམ་གསར་ཤག 22 nd June 2011 Vol. 4 Issue 24 Price Rs. 1 གནས་ལ་ང་བས། ད་མའ་ལམ་ན། ་ནག་མ་དམངས་་མན་ལ་ཁབ་་་ མས་་མ་གཞའ་ནང་མས་མན་་ཐབ་ ཐང་ཡད་པའ་བད་རགས་ཡངས་ལ་མ་རགས་ ས་གནས་རང་ང་ག་གནས་བབ་ཚད་ན་ མང་དན་མངས་པ་ཞག་དགས། བད་གང་བཀའ་ཤག་གས ༸གང་ས་མཆག་ག་ཨ་ས་ཊ་ལ་ཡའ་ང་ཆན་ལ་་མཛད་འན་མས་ལགས་པར་ བ་་བགས་ར་་༸ཞབས་སར་འཁད་པ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༥ རས་ གཟའ་ཉ་མའ་ཉན་༸གང་ས་༸བས་མགན་ཆན་ པ་མཆག་བགས་ར་ནས་ན་ཛ་ལན་ཌ་དང་ ཨ་ས་ཊ་ལ་ཡའ་ལ་་ཆབས་ར་བངས་་ ཐག་མར་་ཚས་ ༦ ཉན་་ད་ཡལ་་ཚད་ ༡༢།༢༠ ཐག་ན་ཛ་ལན་ཌའ་ས་ལ་ཁ་ར་ས་ཊ་ ཆར་ཆ་ (Christchurch) ཞས་པའ་ལ་དར་ ཆབས་ར་བངས། ་ཚས་ ༧ རས་གཟའ་མག་དམར་ ཉན་་ད་ཡལ་༸གང་ས་༸བས་མགན་ཆན་ པ་མཆག་གས་ན་ཛ་ལན་ཌའ་ང་ར་ཁ་ར་ སཊ་ཆར་ཆ་ (Christchurch) ཞས་པར་དད་ ན་མང་ཚགས་ ༥༠༠༠ བལ་བར་ཀན་ཊར་ ་རའ་ད་ཐང་ཆན་མར་ (CBS Canterbury Arena) བཀའ་བ་དང་གས་ན་མཛད། ་ཚས་ ༨ ཉན་ས་གནས་ད་ནས་ ཆབས་ཞལ་བར་ཏ་་ཚས་ ༩ ་ར་ཨ་ས་ ཊ་ལ་ཡའ་ང་ར་མལ་ན་་༸ཞབས་སར་ འཁད། ་ཚས་ ༡༠ རས་གཟའ་པ་སངས་ ཉན་ཨ་ས་ཊ་ལ་ཡའ་ང་ར་མལ་ན་ལ་་ ཝ་ཏ་ནམ་ནང་པའ་དགན་པ་གསར་པ་ཀང་མན་ (Quang Minh) ད་འད་དང་གས་ཝ་ཏ་ ནམ་ནང་པ་ངས་ ༡༥༠༠ ཙམ་ལ་བཀའ་བ་ ལ། ་ཚས་ ༡༡ རས་གཟའ་ན་ པའ་ཉན་ཨ་ས་ཊ་ལ་ཡའ་ང་ར་མལ་ན་་ ཚགས་ཁང་ནང་དད་ན་ཆས་་བ་ ༣༠༠༠ བལ་བར་ལ་ས་ཆན་པ་ཞ་བ་ས་མཛད་ པའ་ང་བ་སམས་དཔའ་ད་པ་ལ་འག་པའ་ ཆས་འལ་ད་འགས་མཛད། ་ཚས་ ༡༢ ཉན་ཨ་ས་ཊ་ལ་ཡའ་ ནང་གནས་ད་བད་རགས་དང་་རགས། འག་ པ་བཅས་ལ་མཇལ་ཁ་དང་བཀའ་བ་ལ། ་ཚས་ ༡༣ རས་གཟའ་་བའ་ཉན་ ཨ་ས་ཊ་ལ་ཡའ་ང་ར་ཀན་ར་རར་ཆབས་ ཞལ་བར། ་ཚས་ ༡༤ ཉན་ཨ་ས་ཊ་ལ་ཡའ་ ས་ཚགས་་ཆབས་ར་བངས་ཏ་ས་ ཚགས་འས་མ་མས་དང་མཇལ་འད་མཛད། ་ཚས་ ༡༥ ཉན་ན་ས་ལན་ཌ་ མངའ་འ་ལ་ས་་ར་ས་ན་་༸ཞབས་སར་ འཁད། ་ཚས་ ༡༦ ཉན་ཨ་ས་ཊ་ལ་ཡའ་ ང་ཆན་་་མཚའ་མཐའ་མཚམས་་ཆགས་ པའ་མཛས་ག་ན་པའ་ང་་སན་ཤ་ཡན་ ཀ་ས་ (Sunshine Coast) ཞས་པར་ན་ གཞ་ས་པའ་ན་རས་གཟགས་ནང་པའ་ཆས་ ཚགས་་དག་བན་ངས་ ༥༠༠ བལ་བ་ ཙམ་དང། གཞན་ཡང་མང་ཚགས་ངས་ ༣༥༠༠ བལ་བར་མས་བའ་ར་བཀའ་བ་ལ། ་ཚས་ ༡༧ ཉན་ཨ་ས་ཊ་ལ་ཡའ་ ང་ར་་ར་ས་ན་་ཚན་རག་པ་དང་ན་ བད་ད་དང་དའ་་ཞས་པའ་བད་གཞའ་ཐག་ བ་ང་ཚགས་འའ་ཚགས་མགན་་ཆབས་ ར་བངས། ་ཚས་ ༡༩ ཉན་ཨ་ས་ཊ་ལ་ཡའ་ང་ར་ར་ ཐ་ ག་ར་ས་་ཌ་ཚགས་ཁང་ཆན་མའ (Bur- swood Dome) ནང་མང་ཚགས་ ༡༤༥༠༠ ཙམ་ལ་དང་ས་་ཚགས་ནང་ཆས་་བབ་་ ཞས་པའ་བད་གཞའ་ཐག་བཀའ་བ་ལ། ་ཚས་ ༢༠ ཉན་༸གང་ས་༸བས་ མགན་ཆན་པ་མཆག་ག་ཨ་ས་ཊ་ལ་ཡའ་མཛད་ འན་མས་ལགས་པར་བ་་་གར་ལ་ ཆབས་ཞལ་བར།། ཚན་རག་པ་དང་ན་བ་ང་མཛད་བཞན་པ། བད་་ག་གནན་མཚམས་འཇག་དགས་པའ་ར་འན་བཏན་པ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༡༧ ཉན་ ད་ས་ང་ར་ཇ་ན་ཝའ་ནང་ཚགས་པའ་འཛམ་ ང་མཉམ་འལ་ལ་ཚགས་་འ་བ་མའ་ ཐབ་ཐང་ན་ཚགས་བས་ཨ་ར་དང་་རབ་་ མན་ཚགས་པ། ད་བཞན་་རབ་་མན་ ཚགས་པའ་ཁངས་་ཡད་པའ་ལ་ཇམ་དང་ ཅཀ་་མན་ལ་ཁབ། ་ཝ་ཌན་བཅས་་ ་ཚབ་འས་མ་ཚས་་ནག་གང་གས་་ ནག་ནང་མས་ད་པ་དང་་་བད་ད་ད་ མཁན། ལས་འལ་བ། ཆས་པ་ཚའ་འ་བ་མའ་ ཐབ་ཐང་ཐག་དམ་བགས་གས་ཆ་་བཏང་་ ཉས་མད་འཛན་བང་ད་་མང་་བཏང་ཡད་ པ་དར་སམས་འཚབ་གས་ཆ་ཡད་ར་བད་ ཡད་པ་མ་ཟད། བད་མད་ད་་པ་ཀ་དགན་པའ་ དག་འན་པ་མས་ལ་ག་གནན་ད་་འལ་ ་མཚམས་འཇག་ད་དགས་པའ་ར་འན་ བཏན་ཡད། བས་དར་ད་ས་དན་ཁང་ག་ བད་ནང་ག་འ་བ་མའ་ཐབ་ཐང་ར་ལ་ཚགས་ ལ་་གགས་གནང་མཁན་ད་ཏ་བན་འཛན་ བསམ་འཕལ་ལགས་ས་གང་འལ་མན་པའ་ ཚགས་པ་གམ་་ང་བའ ་ཐག་ནས་བད་ནང་ག་ འ་བ་མའ་ཐབ་ཐང་ག་གནས་ངས་ཞན་པ་ཡད་ ར་གཏམ་བཤད་བས་་ལ་ ༢༠༠༨ ལར་ས་་ ཞ་ལ་ཆན་མའ ་བས་བད་མ་མང་པར་་མའ་ ར་ང་དམག་མས་ག་གནན་ས་ཏ་ཚ་ག་ ཤར་ཡད་ར་དང་། བད་ནང་ད་འ་ཆར་འ་ བ་མའ་ཐབ་ཐང་ག་གནས་ངས་ཇ་ག་་འ་ བཞན་པའ་ར་དང། ད་བཞན་་ནག་གང་ གས་ནས་ད་ཆ་བད་ནང་་མ་ནང་དང་ནང་མ་ ར་འ་མ་བག་པར་བད་ལ་་ལ་ལ་ར་ ་འཆམ་འ་་སགས་ལ་དམ་བགས་ད་ ་ཡན་འག ཐངས་འདར་བད་་བབ་པ་ད་ ཐངས་གཉས་པ་ཆགས་ཡད་ར་དང། ཁང་ གས་་ནག་མ་དམངས་་མན་ལ་ཁབ་་ ་མས་དན་ཚན་ ༣༥ ནང་་བད་དང་བསམ་ ལ། གསར་འར། འ་འཛམས། ང་ལ་ད་ འ་རང་དབང་སགས་ཡད་ནའང་དན་དངས་ ལག་ལན་ཐག་་ནག་གང་གས་འ་བ་མའ་ ཐབ་ཐང་ང་བ་ད་མཁན་དང་གསར་འགད་ པ། ་་བད་ད་ད་མཁན་མས་ལ་ལ་ ཁབ་་བད་འཇགས་ལ་ཁ་གཡར་ཏ་ན་གཙ་ བཟ་བཞན་ཡད། དཔར་ན་་ ༦ ཚས་ ༢ ཉན་ ་པའ་འང་རམ་ མ་དམངས་མས་ ཁང་ནས་ལ་ཁབ་ ཁ་ལ་་ཉས་མང་ འག་ཤར་ང་ར་ ཞས་པའ་དཔ་དབ་ མ་པ་པ་བས་ རབ་བན་ལགས་་ ལ་ ༤ མས་ཆད་ བཏང་ཡད། ད་བཞན་ མས་ཁང་ད་རང་ ནས་་ལ་ ༢༠༡༠ ་ ༡༢ ནང་ལ་ཁབ་ ཁ་ལ་་ཉས་མང་ འག་བད་མ་མ་པ་ པ་དན་ཁ་དང་་་གཉས་ལ་ལ་ ༤ མས་ཆད་ དང་། བད་མ་ལ་བཟང་ན་པ་ལ་ལ་ ༣ མས་ ཆད་བཏང་ཡད། གས་མངས་་ལ་ ༢༠༠༨ ལའ ་་ ༡༡ ནང་་པའ་ད་མད་མ་པ་པ་ནར་ འཛན་དབང་མར་གནས་ལ་ཁ་པར་ཐག་གསང་ བགས་ས་པའ་ཉས་མང་འག་ལ་ ༥ མས་ ཆད་བཏང་ཡད་ར་་གསལ་བཤད་གནང་ ཡད་པ་བཅས། ། ད་ཏ་བན་འཛན་བསམ་འཕལ། ཆས་ང་་་གས་ན་དར་གསལ་ ན་འན་ས་པ། བཀའ་་མཆག་གང་འལ་གས་བད། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༢༣ ནས་ ༣༠ བར་བཀའ་ན་་པ་ཟམ་གདང་རན་པ་ཆ་མཆག་་ ཚས་ ༢༣ ཉན་་་ས་ནས་ཕབས་ཐན་ས་་ཚས་ ༢༤ ཉན་ལ་གས་་་ཕབས་འར་གནང་། ་ ཚས་ ༢༥ ཉན་བསད་ནམས་ང་མ་མང་ཚགས་ ཆན་ཐག་གང་བཤད་གནང་། ་ཚས་ ༢༦ ཉན་་ཇ་ཁང་་ལ་ གས་མང་ཚགས་ལ་གང་བཤད་གནང་་དང། ་ཚས་ ༢༧ ཉན་ང་ཐང་ཉ་མའ་མ་མང་དང་དག་ ལས་བ་ག་མས་ལ་གང་བཤད་གནང་། ད་ བཞན་ལ་ང་ཧལ་ལ་དང། བཀག་གང་། ད་ ལ། ཉ་མ་བཅས་་འག་བ་དང། འས་མ། བ་ འ་དག་ན་ལས་ད་བཅས་ན་འཛམས་ཐག་ བགས་མལ་ཚགས་འ་འཚགས་་དང། གས་ མངས་ལ་ང་གམ་མདའ ་མ་མང་དང་དག་ལས་ བ་ག་མས་ལ་གང་བཤད་གནང་་དང། ་ ཚས་ ༢༩ ཉན་་བད་མ་དང་མཚན་ཉད་བ་འ་ དག་ལས་བ་ག་ཡངས་ལ་གང་བཤད་གནང་ ས་་ཚས་ ༣༠ ཉན་་ནས་་ལ་བད་་སར་ ཕབས་འར་གནང་་ཡན་འག་པ་བཅས།། བཀའ་་མཆག་གས་གཞ་རམ་བར་མའ་དག་ ན་འས་ང་བ་ཚར་གང་བཤད་གནང་བ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༢༠ ཉན་ བགས་ར་་སའ་ཉ་འམ་ས་་བད་་བ་ གཉར་ཁང་་ཤས་རག་ལས་ངས་དང་ཝ་་བད་་ མཐ་རམ་བ་གཉར་ཁང་ང་ལ་ཐག་གཞ་རམ་ བར་མའ་དག་ན་འས་ང་ཁག་གཅག་ལ་བཀའ་་ མཆག་གས་ཤས་ཡན་ད་ས་ར་ལ་ལམ་ན་ གང་བཤད་གནང་ཡད། ད་ཉན་་་་ཚད་ ༢ ཐག་བཀའ་ ་ཟམ་གདང་རན་པ་ཆ་མཆག་དང་། ཤས་རག་ ལས་ངས་་ཤས་ཡན་འགན་འཛན་ཚ་རང་བསམ་ བ་ལགས། ་ར་མཐ་བ་་བ་་དག་བཤས་ འཇམ་དཔལ་གས་པ་ལགས། སམ་་ཊའ་་བ་ འགན་འཛན་ཀ་ང་བདག་ལགས། ཝ་་མཐ་ བ་་བ་ག་དག་ན་འས་ང་བ་ ༢༠ བལ་ བ་མས་ན་འཛམས་ཐག་བཀའ་་མཆག་གས་ གང་བཤད་གནང་ས་བ་གཉར་བ་ཚའ་་བར་ ལན་འདབས་གནང་ཡད།། ༄༅། །་ལ་ ༢༠༡༠ ་ ༦ ཚས་ ༡༥ དང་རབ་ ང་གས་ཡས་ས་ག་་བའ་ཚས་ ༡༥ ཉན་གནས་ ང་་དངས་ང་དགན་་ལ་པའ་ཆས་ང་་ ་གས་ན་ལ་ཆན་མར་གཏང་རག་ག་གང་ འལ་དར་གསལ་ན་འན་ས་ཡད། ད་ཉན་ ་་་ཚད་ ༧ ཐག་གནས་ང་་དངས་ང་ ག་འ་ཁང་་བཀའ་་ཟམ་གདང་རན་པ་ཆ་མཆག་ གས་དས་མང་གཙའ་ཀ་བ་གམ་་མཛད་གཙ་ མ་པ་དང། བདམས་ཐན་བཀའ་ན་་པ་་བཟང་ སང་ག་མཆག རང་དབང་ཅན་་་ཚན་ཁག་ག་ འགན་འཛན་མ་པ། ན་ཁང་ཁག་ག་བཀའ་ན་ མ་པ་དང་ང་ཆ་ང་གས་གཙས་་་བ་མས་ ནས་ལ་བའ་བན་ང་ལ་པའ་ཆས་ང་་ ་གས་ན་ལ་ཆན་མར་གཏང་རག་ག་གཟབ་ གསལ་ན་འན་གཟབ་ས་ས་ཡད།།

tibfreedom 22/6/11

Embed Size (px)

DESCRIPTION

tibfreedom 22/6/11

Citation preview

Page 1: tibfreedom 22/6/11

བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་རི་ཟླའི་ལྕགས་ཡོས་ལོ། བོད་ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།

ལོ་ ༤ ཨང༌། ༢༤ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག

22nd June 2011

Vol. 4 Issue 24 Price Rs. 1

གནས་ཚུལ་སྙིང་བསྡུས།

དབུ་མའི་ལམ་ནི།

རྒྱ་ནག་མི ་དམངས་སྤྱི ་མཐུན་རྒྱལ་ཁབ་ཀྱི ་རྩ་

ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་

ཐང་ཡོད་པའི ་བོད་རིགས་ཡོངས་ལ་མི ་རིགས་

ས་གནས་རང་སྐྱོང ་གི ་གནས་བབ་ཚད་ལྡན་

མིང་དོན་མཚུངས་པ་ཞིག་དགོས།

བོ ད ་ གཞུང ་ བཀའ ་ཤག ་གི ས །

༸གོང་ས་མཆོག་གི་ཨོ་སི་ཊོ་ལི་ཡའི་གླིང་ཆེན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་ གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།

༄༅། །ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༥ རེས་

གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་བཞུགས་སྒར་ནས་ནིའུ་ཛི་ལན་ཌི་དང་

ཨོ་སི་ཊོ་ལི་ཡའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྟེ་

ཐོག་མར་ཕྱ་ིཚེས་ ༦ ཉིན་གྱ་ིཕྱེད་ཡོལ་ཆུ་ཚོད་

༡༢།༢༠ ཐོག་ནིའུ་ཛ་ིལན་ཌིའ་ིས་ཁུལ་ཁ་ར་ིས་ིཊ་ི

ཆར་ཆ་ (Christchurch) ཞེས་པའ་ིཁུལ་དེར་

ཆིབས་སྒྱུར་བསྐྱངས།

ཕྱ་ིཚེས་ ༧ རེས་གཟའ་མིག་དམར་

ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་གིས་ནིའུ་ཛི་ལན་ཌིའི་གྲོང་ཁྱེར་ཁ་རི་

སིཊ་ཆར་ཆ་ (Christchurch) ཞེས་པར་དད་

ལྡན་མང་ཚོགས་ ༥༠༠༠ བརྒལ་བར་ཀེན་ཊར་

བྷུ་རིའ་ིརྩེད་ཐང་ཆེན་མོར་ (CBS Canterbury

Arena) བཀའ་སློབ་དང་ཐུགས་སྨོན་མཛད།

ཕྱ་ིཚེས་ ༨ ཉིན་ས་གནས་ད་ེནས་

ཆིབས་ཞལ་བསྒྱུར་ཏ་ེཕྱ་ིཚེས་ ༩ སྔ་དྲོར་ཨ་ོས་ི

ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་༸ཞབས་སོར་

འཁོད། ཕྱ་ིཚེས་ ༡༠ རེས་གཟའ་པ་སངས་

ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་དུ་

ཝི་ཏི་ནམ་ནང་པའི་དགོན་པ་གསར་པ་ཀང་མིན་

(Quang Minh) དབུ་འབྱེད་དང་སྦྲགས་ཝ་ིཏ་ི

ནམ་ནང་པ་གྲངས་ ༡༥༠༠ ཙམ་ལ་བཀའ་སློབ་

སྩལ།

ཕྱ་ིཚེས་ ༡༡ རེས་གཟའ་སྤེན་

པའི་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་

ཚོགས་ཁང་ནང་དད་ལྡན་ཆོས་ཞུ་བ་ ༣༠༠༠

བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་

པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་

ཆོས་འབྲེལ་དབུ་འཛུགས་མཛད།

ཕྱ་ིཚེས་ ༡༢ ཉིན་ཨ་ོས་ིཊ་ོལ་ིཡའ་ི

ནང་གནས་སྡོད་བོད་རིགས་དང་རྒྱ་རིགས། འབྲུག་

པ་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཕྱ་ིཚེས་ ༡༣ རེས་གཟའ་ཟླ་བའ་ིཉིན་

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཀེན་བྷེར་རར་ཆིབས་

ཞལ་བསྒྱུར།

ཕྱ་ིཚེས་ ༡༤ ཉིན་ཨ་ོས་ིཊ་ོལ་ིཡའ་ི

གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་

ཚོགས་འཐུས་མ་ིརྣམས་དང་མཇལ་འཕྲད་མཛད།

ཕྱ་ིཚེས་ ༡༥ ཉིན་ཁུན་ས་ིལེན་ཌ་ི

མངའ་སྡེའི་རྒྱལ་ས་བྷི་རི་སི་བྷེན་དུ་༸ཞབས་སོར་

འཁོད།

ཕྱ་ིཚེས་ ༡༦ ཉིན་ཨ་ོས་ིཊ་ོལ་ིཡའ་ི

གླིང་ཆེན་གྱི་རྒྱ་མཚོའི་མཐའ་མཚམས་སུ་ཆགས་

པའི་མཛེས་སྡུག་ལྡན་པའི་གྲོང་སྡེ་སན་ཤ་ཡིན་

ཀ་ོས་ི (Sunshine Coast) ཞེས་པར་རྟེན་

གཞི་བྱས་པའི་སྤྱན་རས་གཟིགས་ནང་པའི་ཆོས་

ཚོགས་སུ་དག་ེབཙུན་གྲངས་ ༥༠༠ བརྒལ་བ་

ཙམ་དང། གཞན་ཡང་མང་ཚོགས་གྲངས་ ༣༥༠༠

བརྒལ་བར་བྱམས་བརྩེའ་ིསྐོར་བཀའ་སློབ་སྩལ།

ཕྱ་ིཚེས་ ༡༧ ཉིན་ཨ་ོས་ིཊ་ོལ་ིཡའ་ི

གྲོང་ཁྱེར་བྷི་རི་སི་བྷེན་དུ་ཚན་རིག་པ་དང་ལྷན་

བདེ་སྐྱིད་དང་དེའི་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་

བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ཆིབས་

སྒྱུར་བསྐྱངས།

ཕྱ་ིཚེས་ ༡༩ ཉིན་ཨ་ོས་ིཊ་ོལ་ིཡའ་ིགྲོང་ཁྱེར་པཱར་

ཐ་ ག་ིབྷར་ས་ིཝུ་ཌ་ཚོགས་ཁང་ཆེན་མོའ་ི(Bur-

swood Dome) ནང་མང་ཚོགས་ ༡༤༥༠༠

ཙམ་ལ་དེང་དུས་སྤྱི་ཚོགས་ནང་ཆོས་ཀྱི་བསླབ་བྱ་

ཞེས་པའ་ིབརྗོད་གཞིའ་ིཐོག་བཀའ་སློབ་སྩལ།

ཕྱ་ིཚེས་ ༢༠ ཉིན་༸གོང་ས་༸སྐྱབས་

མགོན་ཆེན་པོ་མཆོག་གི་ཨོ་སི་ཊོ་ལི་ཡའི་མཛད་

འཕྲིན་རྣམས་ལེགས་པར་གྲུབ་སྟེ་རྒྱ་གར་ལ་

ཆིབས་ཞལ་བསྒྱུར།།

ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་བཞིན་པ།

བོད་དུ་དྲག་གནོན་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ།༄༅། །ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༡༧ ཉིན་

སུད་ས་ིགྲོང་ཁྱེར་ཇ་ིན་ིཝའ་ིནང་ཚོགས་པའ་ིའཛམ་

གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་

ཐོབ་ཐང་ལྷན་ཚོགས་སྐབས་ཨ་རི་དང་ཡུ་རོབ་སྤྱི་

མཐུན་ཚོགས་པ། ད་ེབཞིན་ཡུ་རོབ་སྤྱ་ིམཐུན་

ཚོགས་པའི་ཁོངས་སུ་ཡོད་པའི་སྦེལ་ཇམ་དང་

ཅེཀ་སྤྱ་ིམཐུན་རྒྱལ་ཁབ། སུ་ཝ་ིཌེན་བཅས་ཀྱ་ི

སྐུ་ཚབ་འཐུས་མི་ཚོས་རྒྱ་ནག་གཞུང་གིས་རྒྱ་

ནག་ནང་ཁྲིམས་རྩོད་པ་དང་དྲ་རྒྱ་བེད་སྤྱོད་བྱེད་

མཁན། ལས་འགུལ་བ། ཆོས་པ་ཚོའ་ིའགྲ་ོབ་མིའ་ི

ཐོབ་ཐང་ཐོག་དམ་བསྒྲགས་ཤུགས་ཆེ་རུ་བཏང་སྟེ་

ཉེས་མེད་འཛིན་བཟུང་བྱེད་རྒྱུ་མང་དུ་བཏང་ཡོད་

པ་དེར་སེམས་འཚབ་ཤུགས་ཆེ་ཡོད་སྐོར་བརྗོད་

ཡོད་པ་མ་ཟད། བོད་མད་ོསྨད་རྔ་པ་ཀིརྟ་ིདགོན་པའ་ི

དགེ་འདུན་པ་རྣམས་ལ་དྲག་གནོན་བྱེད་རྒྱུ་འཕྲལ་

དུ་མཚམས་འཇོག་བྱེད་དགོས་པའི་རེ་འདུན་

བཏོན་ཡོད། སྐབས་དེར་སུད་ས་ིདོན་ཁང་ག་ི

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་ཚོགས་

ལ་ཞུ་གཏུགས་གནང་མཁན་སྐེད་ཏ་བསྟན་འཛིན་

བསམ་འཕེལ་ལགས་ཀྱིས་གཞུང་འབྲེལ་མིན་པའི་

ཚོགས་པ་གསུམ་གྱི་ངོ་བོའ་ིཐོག་ནས་བོད་ནང་གི་

འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་

སྐོར་གཏམ་བཤད་སྐབས་ཕྱ་ིལ་ོ ༢༠༠༨ ལོར་ས་བྱ་ི

ཞི་རྒོལ་ཆེན་མོའ་ིསྐབས་བོད་མི་མང་པོར་རྒྱ་མིའི་

སྐོར་སྲུང་དམག་མིས་དྲག་གནོན་བྱས་ཏེ་ཚེ་སྲོག་

ཤོར་ཡོད་སྐོར་དང་། བོད་ནང་ད་ལྟའ་ིཆར་འགྲ་ོ

བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་

བཞིན་པའ་ིསྐོར་དང། ད་ེབཞིན་རྒྱ་ནག་གཞུང་

ཕྱོགས་ནས་ད་ཆ་བོད་ནང་ཕྱི་མི་ནང་དང་ནང་མི་

ཕྱིར་འགྲོ་མ་བཅུག་པར་བོད་ལ་ཕྱི་རྒྱལ་ཡུལ་སྐོར་

སྤྲོ་འཆམ་འགྲོ་རྒྱུ་སོགས་ལ་དམ་བསྒྲགས་བྱེད་

རྒྱུ་ཡིན་འདུག ཐེངས་འདིར་བོད་སྒ་ོབརྒྱབ་པ་ད་ེ

ཐེངས་གཉིས་པ་ཆགས་ཡོད་སྐོར་དང། ཁོང་

གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་

རྩ་ཁྲིམས་དོན་ཚན་ ༣༥ ནང་སྨྲ་བརྗོད་དང་བསམ་

ཚུལ། གསར་འགྱུར། འདུ་འཛོམས། ང་ོརྒོལ་བྱེད་

རྒྱུའི་རང་དབང་སོགས་ཡོད་ནའང་དོན་དངོས་

ལག་ལེན་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་

ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་གསར་འགོད་

པ། དྲ་རྒྱ་བེད་སྤྱོད་བྱེད་མཁན་རྣམས་ལ་རྒྱལ་

ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་སུན་གཙེ་

བཟ་ོབཞིན་ཡོད། དཔེར་ན་ཟླ་ ༦ ཚེས་ ༢ ཉིན་

རྔ་པའི་འབྲིང་རིམ་

མི་དམངས་ཁྲིམས་

ཁང་ནས་རྒྱལ་ཁབ་

ཁ་བྲལ་གྱི་ཉེས་མིང་

འོག ་ཤར ་དུང ་རི ་

ཞེས་པའི་དཔེ་དེབ་

རྩོམ་པ་པོ ་བཀྲིས་

རབ་བརྟན་ལགས་སུ་

ལ་ོ ༤ ཁྲིམས་ཆད་

བཏང་ཡོད། ད་ེབཞིན་

ཁྲིམས་ཁང་དེ་རང་

ནས་ཕྱ་ིལ་ོ ༢༠༡༠ ཟླ་

༡༢ ནང་རྒྱལ་ཁབ་

ཁ་བྲལ་གྱི་ཉེས་མིང་

འོག་བོད་མི་རྩོམ་པ་

པོ་དོན་ཁོ་དང་བྷུ་དྷ་གཉིས་ལ་ལོ་ ༤ ཁྲིམས་ཆད་

དང་། བོད་མི་སྐལ་བཟང་སྦྱིན་པ་ལ་ལོ་ ༣ ཁྲིམས་

ཆད་བཏང་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༠༨

ལོའ་ིཟླ་ ༡༡ ནང་རྔ་པའི་བུད་མེད་རྩོམ་པ་པོ་ནོར་

འཛིན་དབང་མོར་གནས་ཚུལ་ཁ་པར་ཐོག་གསང་

བསྒྲགས་བྱས་པའི་ཉེས་མིང་འོག་ལོ་ ༥ ཁྲིམས་

ཆད་བཏང་ཡོད་སྐོར་གྱི་གསལ་བཤད་གནང་

ཡོད་པ་བཅས། །

སྐེད་ཏ་བསྟན་འཛིན་བསམ་འཕེལ།

ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་དབྱར་གསོལ་

སྤྱན་འདྲེན་ཞུས་པ།

བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༣ ནས་ ༣༠

བར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་

ཚེས་ ༢༣ ཉིན་་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་

༢༤ ཉིན་ལ་དྭགས་སླེ་རུ་ཕེབས་འབྱོར་གནང་རྒྱུ། ཕྱི་

ཚེས་ ༢༥ ཉིན་བསོད་ནམས་གླིང་མི་མང་ཚོགས་

ཆེན་ཐོག་གསུང་བཤད་གནང་རྒྱུ།

ཕྱི་ཚེས་ ༢༦ ཉིན་སླེ་ཇོ་ཁང་དུ་ལ་

དྭགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང།

ཕྱི་ཚེས་ ༢༧ ཉིན་བྱང་ཐང་ཉི་མའི་མི་མང་དང་དགེ་

ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ། དེ་

བཞིན་ལ་བྱང་ཧེལ་ལེ་དང། བཀག་གཞུང་། རྒུད་

ཡུལ། ཉི་མ་བཅས་ཀྱི་འགོ་བ་དང། འཐུས་མི། སློབ་

གྲྭའི་དགེ་རྒན་ལས་བྱེད་བཅས་ལྷན་འཛོམས་ཐོག་

བཞུགས་མོལ་ཚོགས་འདུ་འཚོགས་རྒྱུ་དང། ཕྱོགས་

མཚུངས་ལ་བྱང་གསུམ་མདོའ་ིམི་མང་དང་དགེ་ལས་

སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ་དང། ཕྱི་

ཚེས་ ༢༩ ཉིན་སླེ་བོད་ཁྱིམ་དང་མཚན་ཉིད་སློབ་གྲྭའི་

དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་

རྗེས་ཕྱི་ཚེས་ ༣༠ ཉིན་སླེ་ནས་ལྡི་ལི་བརྒྱུད་རྡ་སར་

ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།

བཀའ་ཁྲི་མཆོག་གིས་གཞི་རིམ་བར་མའི་དགེ་

རྒན་འོས་སྦྱོང་བ་ཚོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༠ ཉིན་

བཞུགས་སྒར་རྡ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་སློབ་

གཉེར་ཁང་དུ་ཤེས་རིག་ལས་ཁུངས་དང་ཝ་ཎཱ་བོད་ཀྱི་

མཐོ་རིམ་སློབ་གཉེར་ཁང་ཟུང་སྦྲེལ་ཐོག་གཞི་རིམ་

བར་མའི་དགེ་རྒན་འོས་སྦྱོང་ཁག་གཅིག་ལ་བཀའ་ཁྲི་

མཆོག་གིས་ཤེས་ཡོན་སྲིད་བྱུས་སྐོར་ལ་ལམ་སྟོན་

གསུང་བཤད་གནང་ཡོད།

དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༢ ཐོག་བཀའ་

ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཤེས་རིག་

ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་

གྲུབ་ལགས། སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་

འཇམ་དཔལ་གྲགས་པ་ལགས། སམ་བྷོ་ཊའི་སྤྱི་ཁྱབ་

འགན་འཛིན་ཀརྨ་ཆུང་བདག་ལགས། ཝ་ཎཱ་མཐོ་

སློབ་ཀྱི་སློབ་ཕྲུག་དགེ་རྒན་འོས་སྦྱོང་བ་ ༢༠ བརྒལ་

བ་རྣམས་ལྷན་འཛོམས་ཐོག་བཀའ་ཁྲི་མཆོག་གིས་

གསུང་བཤད་གནང་རྗེས་སློབ་གཉེར་བ་ཚོའི་དྲི་བར་

ལན་འདེབས་གནང་ཡོད།།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༥ དང་རབ་

བྱུང་ལྕགས་ཡོས་ས་ག་ཟླ་བའི་ཚེས་ ༡༥ ཉིན་གནས་

ཆུང་སྒྲ་དབྱངས་གླིང་དགོན་དུ་སྤྲུལ་པའི་ཆོས་སྐྱོང་རྡོ་

རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་གཞུང་

འབྲེལ་དབྱར་གསོལ་སྤྱན་འདྲེན་ཞུས་ཡོད། དེ་ཉིན་

སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་ཆུང་སྒྲ་དབྱངས་གླིང་

གི་འདུ་ཁང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་

གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་

རྣམ་པ་དང། བདམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་

སེང་གེ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་

འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་བཀའ་བློན་

རྣམ་པ་དང་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུ་བ་རྣམས་

ནས་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་

རྗེ་གྲགས་ལྡན་རྩལ་ཆེན་མོར་གཏང་རག་གི་གཟབ་

གསོལ་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད།།

Page 2: tibfreedom 22/6/11

པར་ངོས་གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༤ ཚེས་ ༢༢ ཕྱི་ཟླ་ ༦ ཚེས་ ༢༢

༼འཕྲོས་བདུན་ཕྲག་རྗེས་མར་གཟིགས།༽

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པར་གཏན་འབེབས་ཇི་བྱུང་ཕྱོགས་བསྒྲིགས། ༼བདུན་ཕྲག་སྔོན་མའ་ིའཕྲོས།༽

དོན་ཚན་ཞ་ེལྔ་པ། སྤྱ་ིའཐུས་ལྷན་ཚོགས་ཀྱ་ི

ཚོགས་གཙ་ོདང༌། ཚོགས་གཙ་ོགཞོན་པ།

༡ སྤྱ་ིའཐུས་སྐབས་ས་ོསོའ་ིཚོགས་ཐེངས་དང་

པོའ་ིཐོག་སྤྱི་འཐུས་རང་ཁོངས་ནས་ཚོགས་གཙོ་

གཅིག་དང༌། ཚོགས་གཙ་ོགཞོན་པ་གཅིག་སྒྲིག་

གཞི་ལྟར་གསང་བའི་ཐོག་ནས་འོས་བསྡུ་བྱེད་

དགོས།

༢ ཚོགས་གཙ་ོདང༌། ཚོགས་གཙ་ོགཞོན་པ་འོས་

བསྡུ་ཟིན་འཕྲལ་ལས་དོན་དུ་མ་ཞུགས་གོང་བཙན་

བྱོལ་བོད་མིའི་ཆེས་མཐོའ་ིཁྲིམས་ཞིབ་ཁང་གི་

ཁྲིམས་ཞིབ་པ་ཆེ་བའི་མདུན་ཁྲིམས་ལུགས་སུ་

གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་

འཁུར་དམ་བཅའམ། ཁས་ལེན་ཞུ་དགོས།

༣ ཚོགས་གཙ་ོདང༌། ཚོགས་གཙ་ོགཞོན་པ་སུ་

རུང་སྤྱ་ིའཐུས་ནས་བུད་པའམ། ཡང་ན་ཚོགས་

གཙོའམ། ཚོགས་གཙ་ོགཞོན་པ་འཕ་ོའགྱུར་

དགོས་པའི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་

ཡན་གྱིས་མོས་མཐུན་གྲོས་ཆོད་བྱུང་ན།

ད་ེཉིན་ནས་རང་ག་ིལས་འཁུར་བཤོལ་དགོས།

༤ ལྷན་ཚོགས་སུ་ཚོགས་གཙ་ོདང༌། ཚོགས་

གཙོ་གཞོན་པ་སུ་རུང་འཕོ་འགྱུར་བྱེད་དགོས་

སྐོར་གྲོས་བསྡུར་བྱུང་བ་ཡིན་ན་དེའི་རིང་རང་ཉིད་

ནས་གཙ་ོསྐྱོང་བྱེད་མ་ིཆོག

༥ དགོངས་ཞུས་སམ་འཕ་ོའགྱུར། དུས་ཆོས་

སུ་གྱུར་པ་བཅས་ཀྱིས་ཚོགས་གཙ་ོདང༌། ཚོགས་

གཙོ་གཞོན་པའི་གོ་ཡུལ་སྟོང་པ་ནམ་བྱུང་ལ་གང་

མྱུར་ཚབ་གསར་སྒྲིག་གཞི་ལྟར་འོས་བསྡུ་བྱེད་

དགོས།

དོན་ཚན་ཞ་ེདྲུག་པ། སྤྱ་ིའཐུས་ཀྱ་ིདམིགས་བསལ་

ཐོབ་ཐང༌།

༡ སྤྱ་ིའཐུས་སུ་རུང་ནས་སྤྱ་ིའཐུས་ལྷན་ཚོགས་

སམ། དེའ་ིཚོགས་ཆུང་གང་རུང་ནང་གྲོས་མོལ་

གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་

མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་

གཏུགས་མ་ིཆོག

༢ སྤྱ་ིའཐུས་ལ་དམིགས་བསལ་ཐོབ་ཐང་གཞན་

དག་སྤྱི་འཐུས་ལྷན་ཚོགས་རང་ནས་སྐབས་སྦྱར་

ཁྲིམས་ལུགས་བཟ་ོརྒྱུ།

དོན་ཚན་ཞ་ེབདུན་པ། སྤྱ་ིའཐུས་ཀྱ་ིདམ་འབུལ།

འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་

ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་

ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་

དགོས། གལ་ཏ་ེལས་རྒྱུན་འདྲ་མཉམ་བྱུང་ཚ་ེ

དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་

གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་

ཆེས་མཐོའ་ིཁྲིམས་ཞིབ་པ་ཆེ་བའི་མདུན་སར་

དམ་འབུལ་ཞུས་རྗེས། སྤྱ་ིའཐུས་ར་ེརེས་རང་ཉིད་

སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་

བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་

སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་

འཁུར་དམ་བཅའམ། ཁས་ལེན་བྱེད་དགོས།

ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་

རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་

དགོས་པ་དང༌། ཚོགས་གཙ་ོས་གནས་སུ་མེད་

སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་

དགོས།

དོན་ཚན་ཞ་ེབརྒྱད་པ། སྤྱི་འཐུས་ལྷན་ཚོགས་

སུ་འོས་བསྡུ།

བཅའ་ཁིྲམས་འདིའི་དོན་ཚན་ཁག་ནང་དམིགས་ཀིྱས་

བསལ་བའི་དོན་གནད་རྣམས་ཕུད། ད་ེམིན་སྤྱ་ི

འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་

ཇ་ིབྱུང་ལ་ཐག་གཅོད་བྱ་རྒྱུ། འོས་ཤོག་འདྲ་མཉམ་

བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕོྱགས་གང་

མོས་སུ་འོས་འཕེན་གིྱས་ཐག་གཅོད་བེྱད་འཐུས།

དོན་ཚན་ཞ་ེདགུ་པ། སྤྱ་ིའཐུས་ལྷན་ཚོགས་སུ་སྤྱ་ི

འཐུས་ཀྱ་ིཉུང་ཚད།

༡ སྤྱ་ིའཐུས་ལྷན་ཚོགས་དང༌། དེའ་ིརྒྱུན་ལས་

གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་

གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་

འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་

བྱེད་པའ་ིདབང་ཆ་ཡོད། འོན་ཀྱང་སྤྱ་ིའཐུས་རྩ་

འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་

འཕྲོས་ལྷག་སྐར་ཆ་བརྩ་ིམ་དགོས།

༢ སིྤྱ་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་

ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་

བེྱད་དགོས་བྱུང་ན་ཚོགས་གཙོ་སེྦྲལ་པོས་ཚོགས་འདུ་

འཕར་འགྱངས་ཀིྱ་ཐག་གཅོད་བྱ་རྒྱུ།

༣ སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་

གང་རུང་ག་ིས་ཡུལ་སྟོང་པ་ཡོད་པའམ། ཡང་ན་

སྤྱི་འཐུས་མིན་པའི་མི་ཞིག་ཚོགས་ཞུགས་བྱས་

པ་དང༌། འོས་བསྡུ་བྱས་པའ་ིགནས་ཚུལ་རྗེས་སུ་

ཤེས་རྟོགས་བྱུང་ཡང་ལས་དོན་ཐད་སྤྱི་འཐུས་

ལྷན་ཚོགས་ཀྱིས་ཇི་ལྟར་ཐག་བཅད་ཟིན་པ་དེ་

དོན་རྩ་འཛིན་བྱ་རྒྱུ། འོན་ཀྱང་ཐོབ་ཐང་མེད་པར་

ཚོགས་ཞུགས་འོས་བསྡུ་བྱས་རིགས་ཀྱི་སྐྱེ་བོ་སུ་

རུང་སླད་སྤྱ་ིའཐུས་ཀྱ་ིའོས་གཞིར་མ་ིའོས།

དོན་ཚན་ལྔ་བཅུ་པ། སྤྱི་འཐུས་ཀྱི་མཚན་མཐོང་

དོད་དང༌། ཉིན་རེའི་ལས་དོད།

སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ལ་

མཚན་མཐོང་དོད་དང༌། ཉིན་རེའི་ལས་དོད་སྤྱི་

འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་

ཁྲིམས་ལུགས་ལྟར་སྤྱི་འཐུས་དམ་བཅའ་ཕུལ་

ཉིན་ནས་མ་འཁྱུར་བར་འཐོབ་རྒྱུའི་ཐོབ་ཐང་

ཡོད།

དོན་ཚན་ང་གཅིག་པ། ཁྲིམས་ཡིག་འཆར་ཟིན་

འགོད་འབུལ་དང༌། གཏན་འབེབས།

༡ སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་

རྒྱབ་གཉེར་མེད་པར་དཔྱ་ཁྲལ་འགེལ་བའམ།

འཕྲལ་སེལ་ཆག་ཡང༌། རྩ་ཆག བསྒྱུར་བཀོད།

ཡང་ན་ཁྲལ་འབབ་གང་རུང་གི ་སྒྲིག་གཞི ་

དང༌། སྒྲིག་འཛུགས་ཀྱི་དངུལ་བུན་ལེན་པའམ།

འགན་ལེན་བྱེད་ཕྱོགས་སྐོར་དང་འབྲེལ་བའི་

ཁྲིམས་ཡིག་འཆར་ཟིན་རིགས་འགོད་འབུལ་

མི་ཆོག འོན་ཀྱང་འགོད་འབུལ་ཟིན་པའི་ཁྲིམས་

ཡིག་འཆར་གསལ་ཁྲལ་འབབ་གང་རུང་འཕར་

ཆག་གམ། ཆག་ཡང་གི་དོན་གནད་སྐོར་ལ་

བཟོ་བཅོས་བྱ་རྒྱུར་བཀའ་ཤག་གི་རྒྱབ་གཉེར་

དགོས་པ་མ་ཡིན།

༢ ཁྲིམས་ཡིག་འཆར་ཟིན་གང་ཞིག་ཁྲིམས་དོན་

ལག་བསྟར་སྐབས་གཞུང་གྲོན་འབྱུང་གཞིའི་

རིགས་བཀའ་ཤག་གི་རྒྱབ་གཉེར་མེད་པར་

གཏན་འབེབས་མི་ཆོག

༣ གོང་གསལ་དོན་ཚན་ཁག་ཕུད། སྤྱི་འཐུས་

ལྷན་ཚོགས་སམ། སྤྱི་འཐུས་སུ་རུང་ནས་ཁྲིམས་

ཡིག་འཆར་ཟིན་དང༌། གྲོས་ཆོད་འཆར་ཟིན་གང་

ཡང་འགོད་འབུལ་དང༌། དེ་དག་ལ་བཟོ་བཅོས་

དགོས་པའི་བསམ་འཆར་སྤྱི་འཐུས་ལྷན་ཚོགས་

ཀྱི་སྒྲིག་གཞི་ལྟར་གཏོང་རྒྱུའི་ཐོབ་ཐང་ཡོད།

༤ ཁྲིམས་ཡིག་འཆར་ཟིན་དང༌། གྲོས་ཆོད་

འཆར་ཟིན་གང་ཡང་རུང་བར་ལྷན་ཚོགས་སུ་

གོ་བསྡུར་བྱེད་འོས་མིན་དགོས་གལ་བྱུང་ན་

ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་བྱ་

རྒྱུར་གཏོང་འཐུས།

དོན་ཚན་ང་གཉིས་པ། སྒྲིག་འཛུགས་ཀྱི་ལོ་

འཁོར་སྔོན་རྩིས།

༡ བཀའ་ཤག་ནས་ལོ་ལྟར་སྤྱི་འཐུས་ལྷན་

ཚོགས་སུ་སྒྲིག་འཛུགས་དང༌། སྒྲིག་འཛུགས་

ཀྱི་ལས་ཁུངས་མ་ལག་ཡོངས་རྫོགས་ཀྱི་དངུལ་

རྩིས་འཆར་ལོའ་ིཡོང་འབབ་ཇི་ཡོད་དང༌། འགྲོ་

སོང་གཏོང་འཆར་ཇི ་ཡོད་ཟུར་འཇོག་དང་

འཚེམས་ལུས་མེད་པའི་ལོ་འཁོར་སྔོན་རྩིས་

འགོད་འབུལ་བྱེད་དགོས། ལོ་འཁོར་སྔོན་རྩིས་

ནང་གཞུང་གྲོན་རྣམས་གཤམ་གསལ་སྡེ་ཚན་

གཉིས་སུ་དབྱེ་དགོས།

ཀ༽སྒྲིག་འཛུགས་ཀྱི་ཡོང་འབབ་ཐོག་ནས་

གཤམ་གསལ་ཨང་ ༢ པའི་ནང་འཁོད་ངེས་ཅན་

གྱི་འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་དང༌།

ཁ༽དེ་མིན་སྒྲིག་འཛུགས་ཀྱི་ཡོང་འབབ་ཐོག་

ནས་གཏོང་འོས་ཀྱི་འགྲོ་གྲོན་འཆར་གཞི་གཞན་

དག་གི་དངུལ་འབོར་བཅས།

༢ གོང་གསལ་ ཀ པའི་ཁོངས་སྒྲིག་འཛུགས་ཀྱི་

ཡོང་འབབ་ནས་གཏོང་དགོས་ངེས་ཅན་གྱི་འགྲོ་

གྲོན་ཁག་གཤམ་གསལ།

ཀ༽ྋགོང་ས་ྋསྐྱབས་མགོན་ཆེན་པོའ་ིསྐུའི་

ཉེན་སྲུང་གཙོས་འགྲོ་གྲོན་ཁག

ཁ༽སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌།

ཚོགས་གཙོ་གཞོན་པའི་མཚན་དོད་དང༌། ལས་

དོད།

ག༽ཆེས་མཐོའ ་ིཁྲིམས་ཞིབ་ཁང་གི་ཁྲིམས་

ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་

བཅས་ཀྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་

ཐོབ་ཐང་ཁག

ང༽སྒྲིག་འཛུགས་ལ་འཁྲ་ིབའ་ིབུན་སེལ་དམིགས་

ཡུལ་དང༌། མ་དངུལ་སྐྱེད་འབབ་བཅས།

༣ གོང་གསལ་ངེས་ཅན་གྱི་འགྲོ་གྲོན་རྣམས་སྤྱི་

འཐུས་ལྷན་ཚོགས་སུ་འོས་བསྡུའི་ཐོག་ནས་ཐག་

གཅོད་བྱེད་དགོས་མེད། འོན་ཀྱང་ལྷན་ཚོགས་

སུ་གྲོས་བསྡུར་བྱ་རྒྱུར་དགག་ཆ་མེད།

༤ གོང་གསལ་ལེ་ཚན་དང་པོའ་ིཁ་པ་ནང་

གསལ་དངུལ་གྱི ་འགྲོ ་སོང་དགོས་རིགས་

ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་ཀྱིས་

གཏན་ལ་ཕབ་པའི ་སྔོན་རྩིས་ཀྱི ་སྒྲིག་གཞི་

ལྟར་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་

དགོས་ཤིང༌། ལྷན་ཚོགས་ནས་བཀའ་འཁྲོལ་

དང༌། གཅོག་འཕྲི། འཆར་གཞི་ཕྱིར་སློག་བཅས་

ཇི་འོས་ཐག་གཅོད་བྱ་རྒྱུ།

དོན་ཚན་ང་གསུམ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་

ལས་དོན་སྒྲིག་གཞི།

བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་

སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་འདུའི་འགྲོ་

ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་

གཞི་བཟོས་ཏེ་སྤྱི་འཐུས་ངོ་ཡོད་གསུམ་ཆ་

གཉིས་ཡན་གྱིས་མོས་མཐུན་བྱུང་ན་དེ་དོན་རྩ་

འཛིན་ལག་ལེན་བསྟར་རྒྱུ།

དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ།

ཆེས་མཐོའ་ིཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་

ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་

རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་

ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་

ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་

སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་

ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་

སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་

བསྡུར་བྱེད་མི་ཆོག

དོན་ཚན་ང་ལྔ་པ། ཁྲིམས་ལུགས་གཏན་

འབེབས།

ཁྲིམས་ཡིག་དང༌། སྒྲིག་གཞ་ིརྣམས་ཀྱ་ིའཆར་ཟིན་

སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་

བར་བཀའ་བློན་ཁྲི་པས་ལས་ཉིན་བཅུ་བཞིའི་ནང་

ཚུན་ཆོག་མཆན་མིང་རྟགས་འགོད་དགོས།

དོན་ཚན་ང་དྲུག་པ། མང་ཚོགས་ལ་མང་མོས་

ཐག་གཅོད་འོས་བསྡུ།

བོད་དང་བོད་མིའི་རྩ་དོན་དང་འབྲེལ་བའི་གལ་

ཆེའི་སྲིད་བྱུས་གཏན་འབེབས་ཆེད་སྤྱི་འཐུས་

ལྷན་ཚོགས་སུ་རྩ་འབོར་་གསུམ་ཆ་གཉིས་ཡན་

གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་

སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་རྩ་འབོར་

བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱུང་ན།

དབུས་འོས་བསྡུ་ལས་ཁང་བརྒྱུད་མང་མོས་ཐག་

གཅོད་འོས་བསྡུའ་ིལས་རིམ་རྩོམ་ཆོག་ཅིང༌། མང་

མོས་ཇི་བྱུང་ལ་ལས་ཉིན་བཅུ་བཞིའི་ནང་ཚུད་སྤྱི་

ལྷན་ཚོགས་གཙོས་མང་མོས་བྱུང་བའི་ཚད་འཛིན་

དང་མིང་རྟགས་བཀོད་ད་ེགསལ་བསྒྲགས་བྱ་རྒྱུ།

ཚ་རོང་བདུད་འདུལ་རྣམ་རྒྱལ་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའ་ིགནས་ཚུལ།༄༅ །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༨ ཉིན་

དགུང་གྲངས་ ༩༡ ལ་ཕེབས་པའི་ཚ་རོང་བདུད་

འདུལ་རྣམ་རྒྱལ་མཆོག་རྒྱ་གར་བྱང་ཕྱོགས་སྡེ་

ར་ལྡུན་སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་

ཡིད་སྐྱོའ་ིགནས་ཚུལ་ཐོན་འདུག

ཚེ་འདས་དམ་པ་ཁོང་ནི ་ཕྱི ་ལོ ་

༡༩༢༠ ལོར་ལྷ་སར་བོད་དམག་གི་དམག་

དཔོན་ཚ་རོང་ཟླ་བཟང་དགྲ་འདུལ་མཆོག་གི་

སྲས་གཅིག་པུར་འཁྲུངས་ཤིང། ཁོང་གིས་

ཕྱི་ལོ་ ༡༩༣༥ ནས་ ༡༩༤༠ བར་རྡོར་གླིང་

ཁུལ་དུ་ཡོད་པའི་རྒྱ་གར་གྱི་མཐོ་སློབ་ (St.

Joseph) ནང་སློབ་གཉེར་གནང་རྗེས་

བོད་ནང་ཕྱིར་ལོག་གིས་ཕྱི་ལོ་ ༡༩༤༡ ལོའ་ི

ཟླ་བ་༣ པའི་ནང་གཞུང་ཞབས་ཞུས། ཕྱི་ལོ་

༡༩༥༡ ཟླ་ ༧ པའི་ནང་མདོ་མཁར་སྲས་མོ་

དབྱངས་ཅན་སྒྲོལ་དཀར་ལགས་དང་འཁྲུངས་

ས་བསྐྱོན་ཏེ་མུ་མཐུད་དགའ་ལྡན་ཕོ་བྲང་གི་

ཞབས་ཞུ་གནང་སྟེ་འབྲི་གུང་རླུང་ཤོད་ཕུ་ལ་གྲྭ་

བཞི་ལས་ཁུངས་ཀྱིས་དངུལ་སྲང་སྒོར་བཅུ་

གསར་བཟོའ ་ིལུགས་རྒྱག་ལས་བྱ་གནང་བ་

དང་། བོད་གཞུང་བཀའ་ཤག་ནང་བཀའ་མགྲོན་

མཚན་ཐོག་ར་སྒྲེང་བླ་བྲང་ལ་ཞིབ་དཔྱད་འགན་

བཞེས་ཏེ་ཞབས་ཕྱི་མུ་མཐུད་ཞུས་ཡོད། དམ་

པ་ཁོང་གིས་ཕའི་རྗེས་ཤུལ་འཛིན་ནས་བོད་ནང་

དེང་རབས་དང་མཐུན་པའི་འཛུགས་སྐྲུན་གྱི་

ལས་གཞིའི་ཐོག་བོད་ནང་ཡོད་པའི་དབྱིན་ཇིའི་

སྐུ་ཚབ་དང་ལྷན་ཏར་འཕྲིན་བོད་དུ་ཐོག་མར་

གསར་བསྐྲུན་བྱ་རྒྱུའི་ལས་གཞིའི་ཐོག་ཕྱག་

ལས་གནང་མྱོང་ཡོད་པ་མ་ཟད། ལྷ་སའི་སྐྱིད་ཆུ་

གཙང་པོའ་ིསྟེང་ཆུ་ཤུགས་གློག་འདོན་གསར་

འཛུགས་ཀྱི་ལས་གཞིའི་(Hydro-Electric

Power) ཐོག་ཕྱག་ལས་གནང་མྱོང་ཡོད།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་

དུ་ཕེབས་རྗེས་ཞ་སྒབ་པའི་ཕྱག་རོགས་དང་

གསུང་སྒྱུར་ཆབས་ཅིག་བོད་མི་བཙན་བྱོལ་

བ་ས་མཚམས་གང་ས་ནས་འབྱོར་བཞིན་པར་

སོང། ལྡི་ལི་དང་མ་སུ་རི་གང་སར་གསུང་སྒྱུར་

གྱིས་བོད་མི་གསར་འབྱོར་བ་རྣམས་ལ་འཚོ་བ་

དང་འཕྲོད་བསྟེན་རོགས་རམ་ཚོགས་པ་(Cen-

tral relief committee for Tibet refu-

gee) ལས་ཁུངས་ད་ེབརྒྱུད་རོགས་རམ་ཚོགས་

པར་ཕྱག་ལས་གནང་བ་དང་། ད་ེརྗེས་སྐུ་ང་ོརྒྱ་

ལོ་དོན་གྲུབ་དང་ལྷན་དེ་སྔ་སྒང་ཏོག་ཏུ་ཡོད་པའི་

གཞུང་གི་གསེར་དངུལ་རྣམས་ཀ་ཏར་འོར་འདྲེན་

ཐོག་སྤུས་ཚོང་བྱ་རྒྱུ་དང་འཇུག་ཡུལ་དངུལ་ཁང་

ཁག་ག་ོསྒྲིག་ཞུས་ཏ་ེ (Dalai Lama Trust)

ཞེས་པའི་ཡིད་ཆེས་དགེ་རྩ་བཙུགས་ཏེ་གཞུང་

སའ་ིཕྱག་དངུལ་ལ་ཁྲལ་ཆག་ཐབས་མཛད། ཕྱ་ི

ལ་ོ ༡༩༦༩ ལོར་རྒྱ་གར་གྱ་ིཝ་ིཧར་མངའ་སྡེའ་ི

ཧི་རོ་ངྷིར་དགེ་བདེ་ལྕགས་དོང་བཟོ་གྲྭ་ཐོག་མར་

གསར་འཛུགས་སོགས་ཀྱ་ིཕྱག་ལས་གནང་འདུག

དམ་པ་དེ་ཉིད་ཀྱིས་རང་གི་ཕ་ཟླ་བཟང་དགྲ་འདུལ་

ཚ་རོང་གི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་བྲིས་གནང་

ཡོད་པ་མ་ཟད། ཁོང་གིས་བོད་ཀྱ་ིད་ེསྔའ་ིགནས་

སྟངས་ཐོག་(What Tibet Was) ཞེས་པའ་ིདཔ་ེ

དེབ་ཅིག་བྲིས་གནང་ཡོད། དམ་པ་ཁོང་འདྲ་

པར་རྒྱག་རྒྱུར་ཐུགས་སྣང་ཆེན་པོ་ཡོད་པ་

དང་པར་གྱི་ལམ་ནས་བོད་ནང་རྒྱ་ནག་གཞུང་

གིས་བཙན་འཛུལ་བྱས་ཚུལ་རྣམས་འཛམ་

གླིང་མི ་མང་ཚོར་ར་སྤྲོད་བྱ་རྒྱུར་རྩ་ཆེའི ་

དཔང་རྟགས་ཤིག་ཆགས་ཐུབ་ཡོད། ཁོང་

དང་སྐུ་ཟླ་དབྱངས་ཅན་སྒྲོལ་དཀར་ལགས་སུ་

ཕྲུ་གུ་ལྔ་ཡོད་པ་རྣམས་ནི་སྟག་ལྷ་རྣམ་རྒྱལ་

ལྷ་མོ་ལགས་དང་། ནོར་འཛིན་ཞ་སྒབ་པ། ཚེ་

དབང་འཇིགས་མེད། འབྲི་གུང་ཆེ་ཚང་རིན་པོ་

ཆེ། ཚེ་བརྟན་དཔལ་འབྱོར་བཅས་ཡིན་འདུག

Page 3: tibfreedom 22/6/11

པར་ངོས་གསུམ་པ།དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོགབོད་ཟླ་ ༤ ཚེས་ ༢༢ ཕྱི་ཟླ་ ༦ ཚེས་ ༢༢

༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།

བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས། ཞེས་

པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་

པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་

མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་

བཙོན་འཇུག་བྱས་ཡོད། བསྟན་འཛིན་ལྷ་མཚོ་ནི་

ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་། ཐིང་ཁ་ཤང།

ལྷ་སྐྱིད་གྲོང་། ༼ཁྱིམ་མིང་ལྷ་སྐྱིད་ཚང་༽ ཕ་རྡོ་

རྗེ་བདུད་འདུལ་དང་། མ་དབང་མོ་གཉིས་སུ་ཕྱི་ལོ་

༡༩༨༤ ལོར་སྐྱེས་ཤིང་། ད་ལྟར་རང་ལོ་ ༢༧ ཡིན་

འདུག

ཕྱི་ཟླ་ ༦ ཚེས་ ༡༣ ཉིན་དཀར་

མཛེས་རྫོང་ཁོངས། དགེ་མ་བྲག་དགོན་གྱི་བཙུན་

མ། རྣམ་རྒྱལ་ལྷ་མོ་དང། བཀྲ་ཤིས་ཆོས་སྒྲོན་གཉིས་

ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་

བརྟེན། དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་

གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད།

ཕྱི་ཟླ་ ༦ ཚེས་ ༡༥ ཉིན་དཀར་མཛེས་

རྫོང་ཁོངས། དགེ་མ་བྲག་དགོན་གྱི་བཙུན་མ། བྱམས་

པ་ཆོས་སྒྲོན་དང་། ཞེ་ལྷ་མོ། དབྱངས་ཅན་གསུམ་

གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། ༸གོང་

ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་

དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་

འདྲེན་ཞུ་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་

དབུས་དང་ས་གནས་ཀྱི་ལས་བྱེད་ཁག་གཅིག་ལ་རྩིས་ཀྱི་ཟབ་སྦྱོང་གནང་འགོ་ཚུགས་པ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༠ ཉིན་

རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་

ཁང་དུ་དབུས་བོད་མིའི ་སྒྲིག་འཛུགས་ཀྱི ་

ལས་བྱེད་འདེམས་བསྐོ ་ལྷན་ཁང་ནས་གོ ་

སྒྲིག་ཐོག་དབུས་དང་ས་གནས་ལས་བྱེད་

ཁག་གཅིག་ལ་རྩིས་པའི་ཟབ་སྦྱོང་གནང་འགོ་

ཚུགས་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་

སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་

ཚེ་རིང་དོན་གྲུབ་མཆོག་དང་། འོས་བསྡུ་ལྷན་

ཁང་དང་ལས་བྱེད་འདེམས་ལྷན་གྱི་འགན་

འཛིན་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་

མཆོག རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་བཀའ་

བརྒྱུད་དོན་གྲུབ་ལགས། ལས་བྱེད་འདེམས་

ལྷན་གྱི ་དྲུང་ཆེ ་སྣང་ས་ཆོས་སྒྲོན་ལགས།

དབུས་དང་ས་གནས་ཀྱི་རྩིས་པ་ལས་ཐོག་པ་

བཅས་ཁྱོན་ལས་བྱེད་གྲངས་ ༢༥ ཙམ་ལྷན་

འཛོམས་ཀྱི་ཐོག་མར་དཔལ་འབྱོར་བཀའ་

བློན་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་

རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ།

དེ་ནས་འདེམས་ལྷན་དྲུང་ཆེས་ཟབ་སྦྱོང་གོ་

སྒྲིག་ཞུ་ཕྱོགས་ངོ་སྤྲོད་གནང་གྲུབ་བསྟུན་སྐུ་

མགྲོན་གཙོ་བོ ་མཆོག་གིས་གསུང་བཤད་

གནང་དོན། ཟབ་སྦྱོང་ལ་མཉམ་ཞུགས་གནང་

མཁན་ལས་བྱེད་ཡོངས་ལ་ངས་བཀའ་ཤག་

གི ་ངོ ་ཚབ་མཚོན་པའི ་ཐོག་ནས་འཚམས་

འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡིན། བཀའ་

ཤག་གིས་ལས་ཁུངས་དང་སྡེ་ཚན་ཚང་མའི་

རྩིས་ཁྲ་ཉར་ཕྱོགས་དེ་དག་ཚད་ལྡན་དང་། ཕྱི་

གསལ་ནང་གསལ་ཡོང་རྒྱུ་ཞིག་སྔོན་མ་ནས་

གཟིགས་ཀྱི་ཡོད། དེ་གཟིགས་པའི་ཐོག་ནས་

སྐབས་དུས་སོ་སོར་བཀའ་ཤག་གི་ངོས་ནས་

རྩིས་ཁྲ་ཉར་ཕྱོགས་དང་ལས་དོན་བྱེད་ཕྱོགས་

གང་ཅིའི་ཐོག་ལ་ལམ་སྟོན་དུས་ནས་དུས་སུ་

གནང་དང་གནང་བཞིན་པ་རེད། བཀའ་ཤག་

ལ་དུས་རྒྱུན་དུ་ལས་ཁུངས་དང་སྡེ་ཚན་མང་

པོའ ་ིཐོག་ནས་རྩིས་པ་ཚད་ལྡན་དགོས་ཀྱི་

ཡོད་པ་དང་རྩིས་པ་ཚད་ལྡན་ཞིག་འཚོལ་བར་

འགྲོ་སྐབས། དེ་འདྲ་ཞིག་རག་གི་མེད་པའི་

སྙན་སེང་ཡོང་གི་ཡོད་པ་རེད་ལ་དངོས་ཡོད་

ཀྱི་གནས་སྟངས་ཆ་ནས་དེ་འདྲ་ཡོང་གི་ཡོད།

སྤྱིར་བཏང་ཁྱེད་རྣམས་ཀྱིས་མཐོ་རིམ་སློབ་

གྲྭའི་ནང་ཁྱད་མཁས་རྩིས་ཀྱི་སློབ་སྦྱོང་སྦྱང་

གནང་ཡོད། འོན་ཀྱང་ད་ལྟ་ཞབས་ཕྱི་ཞུ་སའི་

སྒྲིག་འཛུགས་འདིའི ་གནས་སྟངས་ཆ་ནས་

རྩིས་ཀྱི་ཐོག་ལ་བསམ་བློ་གཏོང་ཕྱོགས་དང་

ལས་དོན་བྱེད་ཕྱོགས་སོགས་གསར་དུ་སྦྱང་

དགོས་པ་མང་པོ་ཞིག་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་

ཁྲ་ཕྱི་གསལ་ནང་གསལ་ཡིན་པ་ཞིག་མང་

ཚོགས་ནས་བལྟས་ཀྱང་གདེང་འཁེལ་ཡོང་

རྒྱུའི ་གནས་བབ་བསྐྲུན་ཐུབ་རྒྱུའི ་ང་ཚོའི ་

དམིགས་ཡུལ་དང་པོ་ཡིན། དམིགས་ཡུལ་

གཉིས་པ། དེ་ལྟར་ཡོང་བར་མ་འོངས་པར་

རྩིས་པ་ཉུང་དྲགས་འདུག་ཅེས་པའི་གནས་

ཚུལ་མ་ཡོང་རྒྱུ། གསུམ་པ། སྐབས་དུས་སོ་

སོར་རྩིས་པའི་ལས་འགན་ཁྱེར་གྱི་མེད་ཀྱང་

ལས་ཁུངས་ནང་ཡོད་པའི་ལས་བྱེད་ཆེ་ཕྲ་

ཚང་མས་རྩིས་ཐོག་དོ་སྣང་དང་ཉམས་མྱོང་

ཡོང་རྒྱུ་ཙམ་མ་ཟད། མཐོ་རིམ་ལས་བྱེད་

ནང་དུ་ཡིན་ལའང་རྩིས་ཐོག་བྱང་ཆུབ་པ་དང་

གསལ་པོ་མཁྱེན་ཐུབ་པ་ཡོང་རྒྱུའི་ང་ཚོས་

འབད་བརྩོན་ཞུ་གི་ཡོད། ཅེས་སོགས་ཀྱི་

གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་

གྲོལ། ད་ཐེངས་དམིགས་བསལ་རྩིས་པའི་

ཟབ་སྦྱོང་འདི་ཉིན་གྲངས་ ༡༢ རིང་འཚོགས་

རྒྱུ་ཡིན་པ་དང་། དབུས་དང་གཞིས་ཆགས་ས་

གནས་ཁག་ ༡༦ ནས་མི་གྲངས་ ༢༥ མཉམ་

ཞུགས་གནང་ཡོད།

ཟབ་སྦྱོང་གི ་དམིགས་ཡུལ་ནི ་

འཛིན་སྐྱོང་གི་ལས་དོན་གང་ཞིག་ཡིན་ཀྱང་

དངུལ་རྩིས་དང་འབྲེལ་བ་ཡོད་པར་བརྟེན།

གནས་ཚད་དང་ཉམས་མྱོང་སོགས་ཕྱུག་པའི་

རྩིས་པའི་གནས་ཚད་གོང་མཐོར་ཡོང་ཆེད་

ཡིན་འདུག་པ་བཅས།།

བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་མུ་མཐུད་ཞི་རྒོལ་བྱས་པ།༄༅། །འདི་གར་སེར་བྱེས་ཏྲེ་ཧོར་གྲྭ་དཀར་

མཛེས་པདྨ་ཚེ་དབང་གིས་བཏང་གནས་ནང་འཁོད་

དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༠ ཉིན་

བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་ཁམས་དཀར་

མཛེས་དགོན་དུ་སློབ་གཉེར་གནང་བཞིན་པའི་རྩིས་

ཚང་དགོན་གྱི་དགེ་འདུན་མགོ་དབྱངས་ལགས་

ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། “༸གོང་

ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་

དབང་དགོས། སྤང་རི་སྣ་རིན་པོ་ཆེ་མཆོག་གིས་

གཙོས་ཆབ་སྲིད་བཙོན་པ་རྣམས་ཀློད་བཀྲོལ་

གཏོང་དགོས།” ཞེས་འབོད་ཚིག་སྒྲོག་བཞིན་རྒྱ་

གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་

དེར་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་དམག་མི་

མང་པོ་འབྱོར་ཏེ་ཁོང་འཛིན་བཟུང་གིས་ཉེས་རྡུང་

གཏོང་བཞིན་བཙོན་འཇུག་བྱས་ཡོད་འདུག

དགེ་འདུན་མགོ་དབྱངས་ལགས་ནི་

དཀར་མཛེས་རྫོང་ལྷ་ོཔ་ཤང་། རྩག་ལེགས་གྲོང་ཚ་ོནས་

ཡིན་ཞིང་། ད་ལྟ་རང་ལ་ོ ༣༠ ཡིན་འདུག

ཡང་དེ་ཉིན་གྱི་ཆུ་ཚོད་ ༢ པ་ཙམ་ལ་

ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། དཀར་

མཛེས་ལམ་བྲག་དགོན་པ་ནས་ཡིན་པ་རང་ལོ་ ༢༥

སོན་པའི་བཙུན་མ་བྱམས་པ་ལྷ་མཚོ་དང། རང་

ལོ་ ༢༠ ཡིན་པའི་བཙུན་མ་རིན་དགའ་གཉིས་ཀྱིས།

“༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་

པར་ཤོག བོད་ནང་ཆོས་དད་རང་དབང་མི་འདུག”

སོགས་ཀྱི་འབོད་ཚིག་བསྒྲགས་ཤིང་། བོད་རང་

བཙན་གྱི་ཡིག་ཆ་གཏོར་འགྲེམ་བྱེད་བཞིན་ཞི་བའི་

སྐད་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱས་འདུག དེ་

བཞིན་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བོད་ནང་གི་དགོང་

མོའ་ིཆུ་ཚོད་ ༤ ཙམ་ལ། དཀར་མཛེས་རྫོང་། ཁང་

དམར་དགོན་གྱི་གྲྭ་པ་སངས་རིན་ཆེན་གྱིས་ཁམས་

དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་༸རྒྱལ་བ་རིན་

པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་

དབང་དགོས་ཟེར་བ་སོགས་སྐད་འབོད་བརྒྱབ་ཡོད་

ཀྱང། དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་

གི་ཉེན་རྟོག་པས་ཁོང་ཉེས་རྡུང་ཚད་མེད་གཏོང་

བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་

ཡོད།

ཕྱི་ཟླ་ ༦ ཚེས་ ༡༢ ཉིན་བོད་ནང་

གི་དགོང་མོའ་ིཆུ་ཚོད་བཞི་དང་ཕྱེད་ཙམ་ལ། ལྷ་

སྐྱིད་ཚང་བུ་མོ ་བསྟན་འཛིན་ལྷ་མཚོས་དཀར་

མཛེས་རྫོང་ཐོག་ཏུ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་

ལོར་བརྟན་པར་ཤོག ང་ཚོར་རང་དབང་དགོས།

བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་

ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་

འཛིན་བཟུང་བཙོན་འཇུག་བྱས་འདུག

དེ་བཞིན་ཚེས་ ༡༥ ས་ག་ཟླ་བའི་

ཉིན་མདོ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་ཁོངས་

བཀྲ་ཤིས་དར་རྒྱས་དགོན་གྱི་དགེ་འདུན་པ་རང་

ལོ་ ༣༧ ཡིན་པ་ངག་དབང་བློ་བཟང་གིས་དཀར་

མཛེས་རྫོང་ཐོག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མི་

མང་འདུ་འཛོམས་ཆེ་བའི་སར་བོད་ལ་རང་དབང་

དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་

པར་ཤོག ཅེས་པའི་ཡི་གེ་མང་པོ་བཀྲམ་ཡོད་

པ་མ་ཟད། ཁྲོམ་གཞུང་དུ་པུས་མོ་ས་ལ་བཙུགས་

ནས་ལག་གཉིས་ཐལ་མོ་སྦྱར་ཏེ་༸རྒྱལ་བ་རིན་པོ་

ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་

དགོས། ཞེས་སྐད་ཤུགས་ཆེན་པོས་འབོད་ཚིག་

བསྒྲགས་པར་བརྟེན། རྒྱ་མིའི་སྐོར་སྲུང་བས་ཉེས་

རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བཙོན་འཇུག་

བྱས་འདུག

ཡང་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་བོད་

ནང་ཆུ་ཚོད་ ༡༢།༣༠ ཙམ་ལ་ཁམས་དཀར་མཛེས་

རྫོང། ཁང་དམར་དགོན་གྱི་དགེ་འདུན་རིན་ཆེན་

རྒྱ་མཚོ་དང་། བླ་མ་ཚེ་རིང་གཉིས་ཀྱིས་དཀར་

མཛེས་རྫོང་ཐོག་ཏུ་༸རྒྱལ་བ་བསྟན་འཛིན་རྒྱ་

མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་

ཡིན། བཀའ་ཁྲི་བློ་བཟང་སེང་གེ་བོད་ལ་གདན་

འདྲེན་ཞུ་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་

སྤྲོད་དགོས། ཞེས་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་

ཁྲོམ་སྐོར་བྱེད་སྐབས་འཕྲལ་དུ་རྒྱ་གཞུང་གི་ཉེན་

རྟོག་པ་ཡོང་སྟེ་ཁོང་གཉིས་འཛིན་བཟུང་བཙན་ཁྲིད་

བྱས་འདུག དགེ་འདུན་བླ་མ་ཚེ་རིང་ནི། སྐྱེས་ཡུལ་

ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་། སུ་ངོ་ཤང། ཞི་

ལམ་ནང་ཞེས་པའི་གྲོང་ཚོར་ཕ་ཕུར་པ་དང་། མ་བློ་

ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༨༩ ལོར་སྐྱེས་ཤིང་ད་

ལྟ་རང་ལོ་ ༢༢ ཡིན་འདུག དེ་བཞིན་དགེ་འདུན་རིན་

ཆེན་རྒྱ་མཚོ་ནི། སྐྱེས་ཡུལ་དཀར་མཛེས་རྫོང། སུ་

ངོ་ཤང། འགྱུར་ག་གྲོང་ཚོར་ ༼ཁྱིམ་མིང་འགྱུར་ག་

སྒ་ཚང་༽ཕ་རྣམ་རྒྱལ་རིན་ཆེན་དང་། མ་བློ་སྒྲོལ་

མ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་ལྟ་རང་

ལོ་ ༢༡ ཡིན་འདུག ཕྱོགས་མཚུངས་ཕྱི་ཟླ་ ༦ ཚེས་

༡༩ རེས་གཟའ་ཉི་མའི་ཉིན་དཀར་མཛེས་རྫོང་ཉི་མོ་

དགེ་ཚུལ་དགོན་གྱི་བཙུན་མ་བྱམས་ཕྲུག་སྒྲོལ་མ་

དང་། སྒྲོལ་མ་དཔལ་མོ་གཉིས་ཀྱིས་དཀར་མཛེས་

རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟེན། རྒྱ་ནག་གཞུང་

གི་དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཁོང་

གཉིས་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་

བཟུང་བཙོན་འཇུག་བྱས་འདུག བཙུན་མ་བྱམས་

ཕྲུག་སྒྲོལ་མ་ནི། སྐྱེས་ཡུལ་ཟི་ཁྲོན་ཞིང་ཆེན་དཀར་

མཛེས་རྫོང་། ལྷོ་པ་ཤང་། གྲོང་གཞུང་ནང་གྲོང་ཚོ་

ནས་ཡིན་ཞིང། ཕ་ཡ་མ་ཕུན་ཚོགས་དང་། མ་བཀྲ་

ཤིས་ལྷ་མོ་གཉིས་སུ་སྐྱེས་པ་དང་། ད་སྐབས་ཁོང་

རང་ལོ་ ༢༠ ཡས་མས་ཤིག་ཡིན་འདུག

དེ་བཞིན་རང་ལོ་ ༢༠ ཟིན་ལ་ཉེ་བའི་

བཙུན་མ་སྒྲོལ་མ་དཔལ་མོ་ནི། སྐྱེས་ཡུལ་དཀར་

མཛེས་རྫོང་། ལྷོ་པ་ཤང་། ལྭ་སྒང་སྟེང་གྲོང་ཚོ་ནས་

ཡིན་ཞིང། ཁོང་གིས་ཕ་མ་གཉིས་སྔོན་མ་ནས་འདས་

གྲོངས་གྱུར་འདུག ཕྱི་ཚེས་ ༡༨ ཉིན་ནས་

དཀར་མཛེས་ཁུལ་ཉ་རྒྱས་བཙུན་དགོན་གྱི་གཙོས་

ཞི་རྒོལ་བ་དགེ་བཙུན་རྣམས་ཀྱི་བཞུགས་གནས་

དགོན་སྡེ་ཁག་ནང་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་

བཙན་འཛུལ་གྱིས་ཤག་ཁང་ནང་གང་བྱུང་སྔོག་

བཤེར་བྱས་དང་བྱེད་བཞིན་པ་མ་ཟད། དགེ་བཙུན་

རྣམས་ཀྱི་ལག་ཐོགས་ཁ་པར་དང། ཁྱིམ་སྤྱོད་ཁ་པར་

སོགས་ཀྱི་ཨང་གྲངས་ལ་ཞིབ་བཤེར་གྱིས་ཐོ་འགོད་

བྱས་པ་སོགས། ལས་འགུལ་འདྲ་མིན་སྣ་ཚོགས་

ཤིག་སྤེལ་བཞིན་འདུག་པ་བཅས།

དེ་བཞིན་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་སྔ་དྲོ་

བོད་ནང་ཆུ་ཚོད་ ༨ ཙམ་ལ་དཀར་མཛེས་དགའ་ལྡན་

ཆོས་གླིང་དགོན་གྱི་བཙུན་མ་བཅུ་གཉིས་ལྷ་མོས་

རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་ཁྱེར་

ནས། དཀར་མཛེས་རྫོང་གི་ཁྲོམ་གཞུང་མི་དམངས་

འདུ་འཛོམས་ཆེ་བའི་སར་བོད་ལ་རང་དབང་མི་

འདུག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་

འཛིན་རྒྱ་མཚ་ོསྐུ་ཚ་ེཁྲ་ིལོར་བརྟན་པར་ཤོག ཅེས་པའ་ི

ཡ་ིག་ེམང་པ་ོབཀྲམ་པ་དང་སྦྲགས། སྐད་འབོད་ཤུགས་

ཆེ་བྱེད་སྐབས་འཕྲལ་དུ་རྒྱ་གཞུང་གི་ཉེན་རྟོག་པ་ཡོང་

སྟ་ེཁོང་འཛིན་བཟུང་བཙན་ཁྲིད་བྱས་འདུག

བཙུན་མ་བཅུ་གཉིས་ལྷ་མོ་ལགས་

ནི། ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་། ཀཿ བྲག་

ཤང་། ཡ་ནང་ཞེས་པའི་གྲོང་ཚོར། ཕ་བསོད་ནམས་

རྒྱ་མཚོ་དང་། མ་ཡེ་ཤེས་དབང་མོ་གཉིས་སུ་ཕྱི་

ལོ་ ༡༩༨༢ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༢༩ ཡིན་

འདུག་པ་བཅས།།

གྲྭ་རིན་ཆེན་རྒྱ་མཚོ།

བཙུན་མ་བྱམས་ཕྲུག་སྒྲོལ་མ།

ལྷ་སྐྱིད་ཚང་བུ་མོ་བསྟན་འཛིན་ལྷ་མཚོ།

བཙུན་མ་བྱམས་པ་ལྷ་མཚོ།

Page 4: tibfreedom 22/6/11

པར་ངོས་བཞི་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༤ ཚེས་ ༢༢ ཕྱི་ཟླ་ ༦ ཚེས་ ༢༢

གྲོས་ཚོགས་སུ་བཀའ་ཁྲི་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་དང་འབྲེལ་བའི་ གསལ་བཤད་གནང་བ།

༼བདུན་ཕྲག་སྔོན་མའི་འཕྲོས།༽

བཅའ་ཁྲིམས་ཀྱི ་འབྲུ་དོན ་ལྟར་༸གོང་ས་

མཆོག་ལ་བཀའ་སློབ་གནང་རྒྱུའི་འགན་དབང་

རང་ཆས་སུ་ཡོད་པ་ཡིན་ཙང་། བཀའ་སློབ་

གནང་བ་རེད། གསན་དང་མ་གསན་གྲོས་

ཚོགས་ཀྱི་རང་དབང་མ་གཏོགས། ༸གོང་ས་

མཆོག་གིས་བཙན་བཀའ་ཞིག་འདས་པའི་དུས་

སུ་གནང་མྱོང་མེད་ལ། ད་ལྟ་གནང་མེད་ཅིང་།

འབྱུང་འགྱུར་ཡང་གནང་གི་མ་རེད། ལར་ནས་

༸གོང་ས་མཆོག་གི་བཀའ་སློབ་ནི་སྤྱི་འཐུས་

རྣམ་པའི་དགོངས་པའི་དཔྱད་གཞི་ཙམ་ལས།

ཁྲིམས་བཟོའ་ིལས་རིམ་གྱི་ཆ་ཤས་གཏན་ནས་

མིན་པའང་ཧ་ཅང་གསལ་པོ་རེད།

ཡང་གནས་ཚུལ་གཞན་ཞིག་ལ་ད་ལན་གྱི་

བཅའ་ཁྲིམས་བསྐྱར་བཅོས་དེ་དུས་ཚོད་ཧ་

ཅང་ཐུང་ངུའི་ནང་བྲེལ་བ་བྱས་ནས་གཏན་

འབེབས་བྱས་སོང་། དེ་འོས་འཚམས་མ་རེད་

ཅེས་བཀའ་གནང་མཁན་མང་པོ་འདུག འོན་

ཀྱང་དེ་ཚོ་དངོས་དོན་དང་མཐུན་པ་ཞིག་ཡིན་

པར་མཐོང་གི་མེད། གང་ལགས་ཤེ་ན། ད་རེས་

ཀྱི་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུའི་གནད་

དོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་

པོའ་ིསྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་

ལ་རྩིས་སྤྲོད་གནང་བ་དེ་རེད། སྐུ་དབང་རྩིས་

སྤྲོད་གནང་རྒྱུ་དེ་ད་རེས་གློ་བུར་དུ་དགོངས་པ་

བཞེས་ནས་བཀའ་གནང་བ་ཞིག་གཏན་ནས་

མིན་པ་གྲོས་ཚོགས་སུ་སྩལ་བའི་གསུང་འཕྲིན་

རང་གི ་ནང་དུ་ཞལ་གསལ་པོ ་འཁོད་ཡོད།

དེའི་ནང་ཕྱི་ལོ་ ༡༩༦༩ ཙམ་ནས་འདིའི་སྐོར་

བཀའ་གནང་ཡོད་ཅེས་གསུངས་འདུག དེ་ནས་

བརྩིས་ན་ ༡༩༧༩། ༡༩༨༩། ༡༩༩༩། ༢༠༠༩

ད་ཆ་ ༢༠༡༡ ཡིན་པར་བརྟེན་ལོ་ ༤༠ ལྷག་

ཙམ་ཕྱིན་པ་དེ་དུས་ཚོད་ཐུང་ཐུང་མ་རེད། ང་

རང་ཚོ་གཉིད་མ་སད་པ་མ་གཏོགས་༸གོང་ས་

མཆོག་ངོས་ནས་དུས་ཚོད་འདང་ངེས་གསོལ་

རས་གནང་ཡོད་པ་ཧ་ཅང་གསལ་པོ་རེད། གལ་

སྲིད་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་

བ་མེད་པའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་རེ་ཟུང་

བསྐྱར་བཅོས་ཕྱིན་པ་དེ་མགྱོགས་དྲགས་སོང་

གསུངས་པ་ཡིན་ན། དེ་ཚོ་དུས་ཚོད་བཏང་ནས་

ཡང་བསྐྱར་བསྐྱར་བཅོས་གནང་ཆོག་གི་རེད།

སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ལ་

ཁྲིམས་བཟོའ་ིདབང་ཚད་གང་ཡོད་པ་དེ་གྲ་མ་

ཉམས་གྲུ་མ་ཞིག་པར་སྐབས་བཅོ་ལྔ་པའི་གྲོས་

ཚོགས་ལའང་ཡོད་པ་རེད། སྐབས་བཅུ་བཞི་

པའི་གྲོས་ཚོགས་ཀྱིས་ཐག་གཅོད་དང་གཏན་

འབེབས་གནང་ཟིན་པ་ཞིག་སྐབས་བཅོ་ལྔ་

པའི་གྲོས་ཚོགས་ཀྱིས་བསྐྱར་བཅོས་བྱེད་རྒྱུ་

མེད་པ་མ་རེད། དེ་འདྲ་སོང་ཙང་དུས་ཚོད་

འགྱངས་ནས་དགོངས་འཆར་གསར་པ་ཞིག་

འཐོན་རྒྱུ་ཡོད་པ་ཡིན་ན་སྤྱི་འཐུས་སྐབས་བཅོ་

ལྔ་པ་དང་། བཅུ་དྲུག་པ། བཅུ་བདུན་པ། བཅོ་

བརྒྱད་པ་སོགས་ག་ཚོད་ཕེབས་པ་ཡིན་ནའང་

ཁྲིམས་བཟོའ་ིདབང་ཚད་འདྲ་མཉམ་བསྡད་ཀྱི་

རེད། གསར་འཇུག ཕྱིར་བསྡུ་གང་གནང་ཡང་

གནང་ཆོག་པ་ཞིག་རེད། ༸གོང་ས་མཆོག་གིས་

སྐུ་དབང་རྩིས་སྤྲོད་གནང་རྒྱུའི་ལས་རིམ་དེ་ཉིན་

འགྱངས་ཞག་འཕུལ་བྱས་ན་འགྲིགས་ཀྱི་མེད་

པའི་གནས་ཚུལ་གསལ་པོ་ཆགས་ཟིན་པ་རེད།

དེ་ལ་བརྟེན་ནས་སྤྱི་འཐུས་སྐབས་བཅུ་བཞི་པའི་

ལས་ཡུན་མ་རྫོགས་གོང་ཁྲིམས་བཟོའ་ིལས་

དོན་གྲུབ་པ་གནང་དགོས་པའི་རྒྱུ་མཚན་དེ་རང་

རེད། དེ་ལ་ང་ཚོས་མ་འོས་པ་དང་མ་འཚམས་

པ་གང་ཡང་མཐོང་གི་མེད། གོང་ཞུས་དེ་དག་

བཀའ་ཤག་གི་མཐོང་ཚུལ་དང་དངོས་བྱུང་གི་

གནས་བབ་བཅས་མདོར་བསྡུས་ཙམ་སྙན་སྒྲོན་

ཞུ་རྒྱུའི་རྩོལ་བ་བྱས་པ་ཡིན། འབྱུང་འགྱུར་ཡང་

གང་ཟག་སྒེར་དང་། བཀུར་འོས་སྤྱི་འཐུས་རྣམ་

པ། བཀུར་འོས་ཚོགས་གཙོ་སོགས་སུ་ཞིག་

ནས་བཀའ་འདྲི་གནང་རྒྱུ་ཡོད་པ་ཡིན་ན། ག་

དུས་ཡིན་ནའང་འགྲེལ་བརྗོད་དང་གསལ་བཤད་

ཞུ་རྒྱུའི་འདུན་པ་ཡོད། དཔལ་ལྡན་ཚོགས་གཙོ་

མཆོག ད་རེས་གསལ་བཤད་ཞུ་རྒྱུའི་གོ་སྐབས་

གནང་བ་དེར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

བཀའ་ཁྲི་མཆོག་གིས་སློབ་ཕྲུག་ཚོར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་ཡོན་ལམ་སྟོན་སྐོར་གསུང་བཤད་གནང་བ།༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༡ ཉིན་རྡ་

ས་གངས་སྐྱིད་གསོལ་ཐབས་ཡང་སྟེང་ཚོགས་

ཁང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་

གིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཤེས་ཡོན་

གྱི་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་མཐོ་

རིམ་སློབ་གཉེར་བ་རྣམས་ལ་ལམ་སྟོན་གསུང་

བཤད་གནང་དོན། མཐོ་སློབ་ཁག་ནས་ཕེབས་

པའི་མཐོ་རིམ་སློབ་གཉེར་བ་ཚང་མར་བཀའ་

ཤག་དང་ང་རང་སྒེར་ངོས་ནས་དགའ་བསུ་དང་

འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། ངས་

ཤོད་རྒྱུའི་བརྗོད་གཞི་དེ་སྤྱི་ཚོག་འཕེལ་རྒྱས་

དང་ཤེས་ཡོན་ལམ་སྟོན་ཟེར་བའི་ཚིག་གཉིས་

ཀ་གུ་ཡངས་པོ་ཞིག་རེད། འགྲོ་བ་མི་རིགས་

སྤྱི་ཡོངས་དང་ཤར་གླིང་གི་སྤྱི་ཚོགས། ཡང་ན་

ང་ཚོ་བོད་རིགས་ཀྱི་སྤྱི་ཚོགས་དང་། ཡང་ན་

བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕེལ་རྒྱས་

དེ་ཤོད་ཀྱི་ཡོད་དམ། གསལ་པོ་མི་འདུག་སྤྱི་

ཚོགས་ཚན་རིག་དེ ་ནུབ་ཕྱོགས་པའི་སློབ་

གཉེར་དང་ཕྱོགས་གཞན་པ་ཞིག་དེང་རབས་

པའི་སློབ་གཉེར་རེད། སྔ་མོའ་ིསློབ་ཚན་དང་

ཤར་ཕྱོགས་པའི་སློབ་ཚན་ནང་སྤྱི་ཚོགས་

ཚན་རིག་ཅེས་པ་མེད། སྤྱིར་ཤར་གླིང་དང་

ལྷག་པར་རྒྱ་གར་ལྟ་བུར་མཚོན་ན། རྒྱ་གར་

ནང་སྤྱི་ཚོགས་སློབ་ཁྲིད་ཁག་ནུབ་ཕྱོགས་པའི་

སྤྱི་ཚོགས་ཚན་རིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་

མ་གཏོགས་རྒྱ་གར་དབུས་སུ་བཞག་པའི་སྤྱི་

ཚོགས་ཚན་རིག་ཡར་རྒྱས་ད་ལྟ་ཕྱིན་མེད།

འདས་པའི་ལོ་བརྒྱ་ཙམ་ནང་ནུབ་ཕྱོགས་པའི་

སྤྱི་ཚོགས་ཚན་རིག་བསླབ་ན་འགྲིག་གི་མི་

འདུག ང་ཚོར་འབྲེལ་བ་དང་ཕན་ཐོགས་གང་

ཡང་མི་འདུག ང་ཚོ་རང་གི་སྤྱི་ཚོགས་ཚན་

རིག་དགོས་ཀྱི་རེད་ཅེས་བརྗོད་མཁན་མང་པོ་

བྱུང་ཡོད། འོན་ཀྱང་དེའི་ཐོག་དམིགས་བཀར་

གྱི་ད་ལྟ་བར་ཕྱག་ལས་གནང་མཁན་བྱུང་མེད་

ཅེས་སོགས་དང་།

དེ་བཞིན་བཀའ་ཁྲི་མཆོག་གིས་

གསུང་དོན། ད་ལྟའི་ཆར་དེང་རབས་ཀྱི་རྦ་

རླབས་འཕྱུར་བཞིན་པའི་ནང་སྲོལ་རྒྱུན་དང་

དོན་དམ་ གྱི་རིག་གནས་དེ་དག་གནས་ཐུབ་ཀྱི་

ཡོད་མེད་ཚོད་དཔག་བྱེད་དཀའ་བའི་གནས་

སྟངས་ཤིག་ རེད། ཁྱེད་རྣམས་སྤྱི་ཚོགས་ཚན་

རིག་སློབ་ཚན་སྦྱང་མྱོང་ཡོད་པར་བརྟེན་རྒྱུས་

ཡོད། སྤྱི་ཚོགས་ཚན་རིག་གི་བསམ་ཚུལ་

མང་ཆེ་བ་ཞིག་ནུབ་ཕྱོགས་པའི་དེང་རབས་ཀྱི་

མཁས་པ་ཚོས་གསར་གཏོད་བྱས་པ་ཤ་སྟག་

ཡིན་པ་དང་། ང་ཚོ་བོད་པའི་སྐད་དུ་སྤྱི་ཚོགས་

ཟེར་བའི་ཚིག་དེ་ལོ་རབས་ ༧༠ ནས་བེད་

སྤྱོད་བྱས་པ་མ་གཏོགས་བོད་པའི་གཞུང་རྙིང་

པའི་ནང་སྤྱི་ཚོགས་ཟེར་བའི་ཚིག་དེ་བེད་སྤྱོད་

གནང་མེད། དེའི་ཚབ་ཏུ་འདུས་པ་དང། འདུ་

ཚོགས། འདུས་སྡེ་བེད་སྤྱོད་གནང་ཡོད། སྤྱི་

ཚོགས་ཞེས་པ་དེ་རྟེན་ཅིང་འབྲེལ་བར་བྱུང་

བའི་ལམ་ནས་མཉམ་རུབ་གནས་པའི་སྲོག་

ཆགས་ཀྱི་ཚོགས་པ་ཞིག་ལ་སྤྱི་ཚོགས་ཞེས་

བརྗོད་ཀྱི་ཡོད་སོགས་དང་། ཡང་བཀའ་ཁྲི་

མཆོག་གིས་གསུང་དོན། སྤྱི་ཚོགས་ཀྱི་འཕེལ་

རྒྱས་དེར་ལྟ་སྟངས་མི་འདྲ་བ་གཉིས་ཡོད། ང་

ཚོ་ཤར་ཕྱོགས་པ་དང་ནང་པས་སྤྱི་ཚོགས་དེ་

ཡར་རྒྱས་འགྲོ་བ་ཞིག་ལ་རྩིས་ཀྱི་མེད། སྤྱི་

ཚོགས་ཉམས་ཆག་འགྲོ་བ་ཞིག་ལ་རྩིས་ཀྱི་

ཡོད། ནུབ་ཕྱོགས་པས་སྤྱི་ཚོགས་འདི་ཡར་

རྒྱས་འགྲོ་བ་ཞིག་ལ་རྩིས་ཀྱི་ཡོད་ཀྱང་ཧ་གོ་

རྒྱུ་མེད། ནུབ་ཕྱོགས་པས་བསམ་བློ་གཏོང་

རྒྱུའི་སྤྱི་ཚོགས་ཡར་རྒྱས་རབ་ཀྱི་མཐར་ཐུག་

དེ་གང་འདྲ་ཞིག་ཡོད་དམ་ཞེ་ན། ད་ལྟ་ང་ཚོས་

དཔེ་ལྟ་ས་དེ་ཧི་རོ་ཤི་མ་དང་ནཱ་ཀ་ས་ཀི་གཉིས་

པོ་དེ་ཁོང་ཚོའི་སྤྱི་ཚོགས་ཡར་རྒྱས་ཤོད་རྒྱུའི་

མཐར་གཏུགས་ས་དེ་འདྲ་ཞིག་ཆགས་སྲིད་

པ་རེད། ཉེ་ཆར་ཉི་ཧོང་ལ་མཚོ་རླབས་སྐབས་

རྡུལ་ཕྲན་གྱི་གློག་ཁང་མང་པོ་ཞིག་ཆུད་ཟོས་

ཕྱིན་ཏེ ་ད་ལྟ་ཡང་ལེ་དབར་ཉི ་ཤུ་ནང་མིའི ་

སྤྱི་ཚོགས་འཚོ་མི་རུང་བ་ཆགས་ཡོད་ཅེས་

སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་

སློབ་ཕྲུག་གཅིག་གིས་ཧུའུ་ཅིང་ཐའོ ་ཡིས་

འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་འབོད་

སྒྲ་དེའི་རྒྱབ་ལྗོངས་ཇི་ཡིན་དྲི་བར་བཀའ་ཁྲི་

མཆོག་གིས་འཆམ་མཐུན་ཡོང་བར་དྲང་བདེན་

དགོས་ཀྱི་ཡོད།

༼འཕྲོས་བདུན་ཕྲག་རྗེས་མར་གཟིགས།༽

བཅད་ཁྲ།༄༅།། འདི་གར་བཀའ་ཤག་ནས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བཅད་ཁྲ་བཏང་གནས་ནང་འཁོད་དོན། སོ་ལན་བོན་གཞིར་ཤིང་འབྲས་སེ་འབྲུ་འདེབས་འཛུགས་ལས་འཆར་ས་གནས་སུ་ཇི་བཞིན་ལག་བསྟར་མ་བྱུང་བའི་གནས་དོན་ཞིབ་འཇུག་ཆེད་

བཀའ་ཤག་གིས་ཆེད་འཛུགས་ཞིབ་འཇུག་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འབྲེལ་བའི་བཅད་ཁྲ དང་པོ། ངོ་སྤྲོད། སོ་ལན་བོན་གཞིས་ས་གནས་མང་ཚོགས་ནས་འོས་འདེམས་བྱུང་བའི་ས་གནས་འགོ་འཛིན་ཟུར་པ་གཙོ་མཆོག་བསྟན་འཛིན་གྱི་ལས་ཡུན་

སྐབས་བོན་གཞིར་སེ་འབྲུ་དང་ཤིང་འབྲས་སྣ་ཚོགས་འདེབས་འཛུགས་གནང་རྒྱུའི་ལས་འཆར་འབྱོར་ཁོངས་ནས་སེ་འབྲུ་འདེབས་འཛུགས་ཆེད་འབྲེལ་ཡོད་ནང་སྲིད་ལས་ཁུངས་ནས་རོགས་དངུལ་སྒོར་བདུན་ཁྲི་བཀའ་འཁྲོལ་གནང་བ་བཞིན་ ༢༠༠༧ ཕྱི་ཟླ་ ༩

ཚེས་ ༡༤ འཁོད་ཌབ་འཛིན་ཨང་ ༡༦༤༣༨༦ བརྒྱུད་དངུལ་འབོར་ཆ་ཚང་བཏང་འདུག་པ་མ་ཟད། ས་གནས་ནས་ཀྱང་ལས་འཆར་ལག་བསྟར་ཞུས་པའི་རྩིས་ཁྲ་དང་བྱུང་འཛིན་བཅས་པའི་མཐའ་མའི་ལས་བསྡོམས་ ༢༠༠༨ ཕྱི་ཟླ་ ༤ ཚེས་ ༡ ཉིན་ནང་སྲིད་

ལས་ཁུངས་སུ་དུས་འབུལ་བྱུང་འདུག་ནའང་། ས་གནས་སུ་ཤིང་འབྲས་སྡོང་པོ་རྐང་གཅིག་ཀྱང་མ་བཙུགས་པའི་གནས་ལུགས་གསན་ཐོས་བྱུང་བར་བརྟེན། དངོས་ཡོད་གནས་སྟངས་ཞིབ་འཇུག་ཆེད་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་དང་། བཀའ་ཡིག་དྲུང་ལས་

རྣམ་རྒྱལ། ནང་སྲིད་སྡེ་འགན་ཐུབ་བསྟན་ཚེ་རིང་བཅས་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོའ་ིནང་ས་གནས་འགོ་འཛིན་ཟུར་པ་གཙོ་མཆོག་བསྟན་འཛིན་ནས་བྱུང་འཛིན་དང་སོང་ཁྲ་རྫུན་བཟོས་བྱས་ཏེ་ནང་སྲིད་

ལས་ཁུངས་ལ་དབུ་བསྐོར་དང་སྤྱི་རྫས་སྒེར་ཟོས། མི་མང་ལ་གྱོང་གུན་བཏང་བ་ར་སྤྲོད་གསལ་པོ་བྱུང་བའི་ཐོག དོ་བདག་ནས་ལས་འཆར་གྱི་དངུལ་འབབ་ཁོང་པར་འཐིམ་ལུགས་ཁས་ལེན་ཞུས་པ་མ་ཟད། གང་མྱུར་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་རྩིས་

གཙང་ཞུ་ཆོག་ཞུས་པ་དང་། བཀའ་ཤག་ནས་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༣༠ ནང་ཚུད་རྩིས་གཙང་མ་མ་བྱུང་ཚེ་ས་གནས་ཉེན་རྟོག་པར་རྩིས་སྤྲོད་གནང་རྒྱུའི་བརྡ་ཁྱབ་གནང་བར་བརྟེན་ཕྱི་ཟླ་ ༤ ཚེས་ ༢༩ ལ་དངུལ་འབོར་ཆ་ཚང་ས་གནས་འགོ་འཛིན་ལས་ཁུངས་

སུ་རྩིས་འབུལ་བྱུང་འདུག་ཀྱང་། རྒྱ་ཆེའི་མང་ཚོགས་ནས་ཐུགས་རེ་ཆེན་པོས་ས་གནས་འགོ་འཛིན་དུ་འོས་འདེམས་གནང་བའི་གང་ཟག་ཅིག་གིས་ཁྲིམས་དང་སྒྲིག་གཞི་བཟང་སྤྱོད་གང་ལའང་མ་ལྟོས་པའི་བྱ་སྤྱོད་དེ་བཞིན་ཤིན་ཏུ་མ་འོས་པ་དང་མ་འཚམས་པས་

ཐག་གཅོད་བཅད་ཁྲ་འདི་བཏང་བ་ཡིན། གཉིས་པ། ཉེས་འཛུགས། ༡། བོན་གཞིས་མང་ཚོགས་ནས་ཡིད་ཆེས་བློ་གཏད་ཀྱིས་ས་གནས་འགོ་འཛིན་དུ་འོས་འདེམས་ཞུས་ཀྱང་། གཙོ་མཆོག་བསྟན་འཛིན་ནས་མི་མང་གི་བདེ་སྡུག་བལྟ་སྐྱོང་བྱ་རྒྱུ་བཞག་སྟེ་གཞུང་

ནས་གནང་བའི་རོགས་དངུལ་སྒོར་ ༧༠༠༠༠། ༠༠ སྒེར་སྤྱོད་བྱས་པ། ༢། སྤྱི་དངུལ་སྒེར་སྤྱོད་བྱེད་པའི་རྩིས་ཁྲ་རྫུན་མ་བཟོས་ཏེ་ནང་སྲིད་ལས་ཁུངས་ལ་ཕུལ་བ། གསུམ་པ། བཀའ་བཅད། གོང་གསལ་ཉེས་འཛུགས་དེ་དག་ར་འཕྲོད་བྱུང་འདུག་པ་ཁྲིམས་དང་

སྒྲིག་གཞི་ཡོངས་སུ་འགལ་འཛོལ་དུ་གྱུར་བའི་ཐ་ཤལ་ཅན་གྱི་བྱ་སྤྱོད་ཅིག་ལ་སོང་། འབྱུང་འགྱུར་གཞུང་འབྲེལ་འོས་བསྡུའི་ལས་རིམ་ཁག་གི་འོས་གཞིར་ཞུགས་རྒྱུ་དང་ལས་བྱེད་དུ་ཞུགས་རྒྱུའི་ཆ་རྐྱེན་མ་ཚང་བར་ངོས་འཛིན་གནང་སྐྱོང་ཡོང་བའི་དབུས་འོས་

བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་རྒྱབ་གཉེར་བྱ་རྒྱུ། དེ་བཞིན་ནང་སྲིད་ལས་ཁུངས་ནས་ལས་གཞི་ལག་བསྟར་ཇི་བྱས་ལ་དུས་ཐོག་དཔྱད་ཞིབ་མ་གནང་བས་ལས་དོན་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་གྱིས། སླད་ཕྱིན་ལས་གཞི་མཇུག་

བསྒྲིལ་ཁག་ས་གནས་སུ་ཞིབ་འཇུག་ངེས་པར་དགོས་པའི་ཐག་གཅོད་བཅད་ཁྲར།།