6
བད་ལ་ལ་ ༢༡༣༨ རབ་ང་ར་འ་གས་ཡས་ལ། བད་་ ཚས་ ༢༨ རས་གཟའ་ག་པ། ལ་ ཨང༌། ༢5 དས་བད་མའ་ག་འགས་་བན་རའ་ལས་རམ་གསར་ཤག 29 th June 2011 Vol. 4 Issue 25 Price Rs. 1 གནས་ལ་ང་བས། ད་མའ་ལམ་ན། ་ནག་མ་དམངས་་མན་ལ་ཁབ་་་ མས་་མ་གཞའ་ནང་མས་མན་་ཐབ་ ཐང་ཡད་པའ་བད་རགས་ཡངས་ལ་མ་རགས་ ས་གནས་རང་ང་ག་གནས་བབ་ཚད་ན་ མང་དན་མངས་པ་ཞག་དགས། བད་གང་བཀའ་ཤག་གས ༸གང་ས་༸བས་མགན་ཆན་པ་མཆག་གས་ན་འལ་བད་པའ་བཀའ་ཆས་ད་ འགས་མཛད་པ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༢༨ ཉན་་ ནར་༸གང་ས་༸བས་མགན་ཆན་པ་མཆག་ལ་ ཝ་ཏ་ནམ་ (Veitnam) དད་ན་ཆས་་བ་ཁག་ གཅག་གས་ཇ་ར་ན་ནས་གསལ་འདབས་ ས་དན་ར་བཀའ་བཞས་བཟང་པ་ན་ལ་ ས་གང་ཚས་ཉན་ཐག་ཆན་ཆས་ང་གག་ ལག་ཁང་་ན་འལ་བད་པའ་བཀའ་ཆས་ ད་འགས་མཛད་ཡད། ད་ཉན་་་་ཚད་ ༩།༣༠ ཐག་ཝ་ཏ་ནམ་དད་ན་ཆས་་བ་མས་ ས་༸གང་ས་༸བས་མགན་ཆན་པ་མཆག་ཕ་ ང་ནས་ས་ས་ན་བས་ཏ་ཐག་ཆན་ཆས་ ང་གག་ལག་ཁང་ག་བགས་ར་༸ཞབས་ སར་འཁད་ས་མགན་པ་གང་ཉད་མཆག་གས་ཝ་ ཏ་ནམ་དད་ན་ཆས་་བ་ ༥༠༠ གཙ་བར་ར་ པའ་་ནང་དད་ན་ཆས་་བ་ན་མ་ངས་ ༥༥༠༠ བལ་བར་ན་འའ ་བཀའ་ཆས་ལ་ དན། ད་རང་འདར་ཆས་་བ་ཆད་་་ བའ་གལ་་ཝ་ཏ་ནམ་ལ་ནས་ཕབས་མཁན་ ཚ་ཆགས་ཡད། ངས་རང་ཨ་ར་དང་། ཕ་རན་ས། ཨ་ས་ཊ་ལ་ཡ་སགས་ལ་བད་བས་ཝ་ཏ་ནམ་ ཆས་གས་ཕ་མ་མང་དག་ཅག་ག་ག་ཡད། འན་ང་ཝ་ཏ་ནམ་རང་ནས་ཆས་་བར་ཡང་ མཁན་མང་པ་ཞག་དང་ག་་ང་བ་ད་རས་ ཐག་མ་ཡན། ད་ མས་ཆད་མངགས་ ཝ་ཏ་ནམ་ནས་ཆས་ དན་་གཉར་ནས་ ཡང་བ་ཞག་རད། དར་བན་ངས་ས་ ཚང་མར་འཚམས་ འ་དང་དགའ་བ་ ་་ཡན། ངས་་ ཆས་འལ་བས་ ཐག་མར་སངས་ས་ ་ཆས་ང་ད་ད་ ་ད་གལ་ཆན་པར་ ་བཞན་ཡད། གང་ ཡན་བད་ན། སངས་ས་་ཆས་ལ་ག་གས་ གང་ཡང་མད་པ་ཞག་གས་སངས་ས་པའ་ཆས་ པ་ཡན་ཞས་སངས་ས་དང་ཆས། དག་འན་ གམ་ལ་བས་་མཆ་ཞས་བད་ནས་བས་ འའ ་ཚག་ཙམ་ཞག་བཏན་ནས་ནང་པའ་ཆས་ ད་་ཡད་ན་མཁན་མང་པ་ཞག་ཡང་ག་ཡད། བས་་འ་ལ་་བས་གནས་གམ་པ་ ད་གང་འ་ཡན་མན་་ག་གས་གང་ཡང་མད་ པར་དད་པ་གཙ་བར་ས་ཏ་འ་་ད་ཚད་ལང་ ག་མད། ར་་གར་་མཁས་པའ་གང་ ནང་དབང་ལ་དད་པའ་ས་འངས་དང་དབང་ ན་ཆས་་ས་འངས་ཟར་བའ་གལ་་མ་ འ་བ་གཉས་ཡང་ག་ཡད། ང་ཚ་ས་རབས་ཉར་ གཅག་པའ་ནང་ལ་བས་ཡད། ས་སས་ཆས་ དད་ད་་དའང་ས་རབས་ཉར་གཅག་དང་ འཚམས་པ་ཞག་དགས་་ད་གལ་ཆན་པ་རད། དར་བན་ནང་ཆས་ང་ད་ད་་ད་གལ་ཆ་དན་ ཆན་ས་་ཡད། ཅས་སགས་་བཀའ་བ་ བ་བན་བཀའ་ཆས་དངས་གཞ་ད་འགས་ བན་བངས་ཏ་་་ཆས་ན་གཅག་དང་ད་ ཡལ་ཆས་ན་གཅག་ལ་ཡད་པ་བཅས།། ཨ་ཊ་ལའ་ས་ཚགས་ནང་ཀ་དགན་པའ་གནས་ངས་ཐག་ཛ་ག་ག་འབད་ལ་ས་པ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༩ ཉན་ཨ་ ཊ་ལའ་ས་ཚགས་འས་མ་ལ་འ་ས་ ཚགས་བད་དན་བ་ར་ཚགས་པའ་ (IN- PaT) ཚགས་གཙ་་ཞབས་མ་ཐའ་མ་ཁ་ཅ་ (Matteo Mecacci) མཆག་གས་ཨ་ཊ་ལའ་ ས་ཚགས་་བད་མད་ད་་པ་ཀ་དགན་ པའ་གནས་ངས་གསལ་བཤད་གནང་དན། བད་ནང་་ཤས་རང་ནས་འ་བ་ མའ་ཐབ་ཐང་ལ་ས་མད་ག་རལ་གཏང་བཞན་ པའ་གནས་ངས་ཐག་ཨ་ཊ་ལའ་ད་གང་ ལ་ངས་ཛ་ག་ག་འབད་ལ་་འ་བས་ འདར་ཆབ་ད་ཚགས་པ་འ་མན་་་ཚབ་ འས་མ་ ༣༨ ཚང་མས་འདར་བ་ར་དང་ དཔང་གས་གནང་བར་བར་འས་ཚགས་གཙ་ མཆག་བད་གས་་ཆ་་་ཡན། བད་་ གནས་ངས་་ར་མཚན་ན་ཨ་ཊ་ལ་དང་་ རབ་མང་ཚགས་ས་ད་ང་ཆན་པ་ད་བཞན་ ཡད། བད་ནང་ང་བའ་གནས་ལ་ད་གསང་ ཐབས་མད། ང་ཚའ་ད་གང་དང་བ་གས་ ལ་ཁབ་འགའ་རས་བད་མའ་གནས་ངས་ ཐག་ད་ཆ་ཤད་ར་འཚར་ང་ད་བཞན་ ཡད། བས་མ་ལགས་པ་ཞག་ལ་འདས་པའ་ ལ་འགའ་ཤས་ནས་བད་མ་ཚར་དམ་བགས་ གས་ཆ་་བཏང་ཡད། དང་བས་ཚང་མས་ ་ཨ་ཕ་ར་ཀའ་ནང་ད་ང་ཆན་པ་ད་བཞན་ པའ་གནས་ངས་དང་་ནག་ནང་ལ་མང་རང་ ནས་གཅག་བས་དབང་འཛན་པས་ད་དབང་ ར་གཅད་ས་པའ་གནས་ངས་གཉས་ལ་ ད་པར་གང་ཡང་མད། འན་ང་་ནག་གང་ གས་ཆབ་ད་དང་དཔལ་འར་སགས་་ གནན་གས་ད་བ་་ཡད་པ་གསལ་པ་རད། བན་ག་འགའ་ཤས་ན་ནས་ ང་བའ་བད་མད་ད་་པ་ཀ་དགན་པའ་ གནས་ངས་ད་ཐག་མར་དགན་པ་དའ་བད་མ་ དག་འན་པ་གཞན་ས་ཤག་གས་རང་ཉད་་ ་ག་ས་བཏང་བ་ནས་བང་དན་ན་ད་ འག་བགས་ཡད། ་ནག་གང་གས་དགན་ པའ་ནང་ཆས་གས་་ད་་ཁག་ལ་བཀག་ མ་ས་བད་མ་ཚའ་རང་ག་་བའ་་མ་ ༸བས་མགན་་ལའ་་མ་མཆག་ག་་པར་ ཉར་མ་ཆག་པའ་བཙན་བཀའ་བཏང་་བད་མ་ ཚའ་ཆས་དད་རང་དབང་ལ་དམ་བགས་ད་ བཞན་ཡད། དར་བན་་པའ་མ་མང་དང་་པ་ ཀ་དགན་པ་བཅས་ནས་བད་མ་ང་ག་མང་ པས་་ནག་གང་གས་བད་མ་ཚར་འཛན་ པའ་ད་ས་དར་ཞ་བའ་མ་ན་ད་བས་ ་ནག་གང་གས་ག་གནན་ས་ཡད་པ་མ་ ཟད། ་པ་ཀ་དགན་པ་་བབ་་དག་འན་ པ་ར་མ་བཏང་བ་མ་ཟད། ཁང་མས་ལ་གང་ སམས་མཉམ་་ད་མཁན་་པའ་མང་ཚགས་ མས་་ཀ་དགན་པའ་དག་འན་པ་ཚར་ འཚ་བའ་ཡ་ད་ཁ་ཟས་དང་འང་་སགས་ བལ་་འ་བས་་མའ་ག་ཆས་ཉན་ག་ པས་དམ་བགས་བཀག་མ་ད་བཞན་ཡད། གས་མངས་་པའ་མ་མང་དང་ཀ་དགན་ པའ་དག་འན་པ་བཅས་ན་མ་ངས་ ༣༠༠ ཙམ་་ནག་གང་གས་བཙན་འག་གས་ལ་ གཅས་ཆས་གཅས་ཟར་བའ་བ་གས་ལ་ བཞན་ཡད། ་ནག་གང་གས་བད་མ་ཚར་ ལ་གཅས་ཆས་གཅས་ཟར་བའ་བ་གསའ ལས་འལ་ལ་བཞན་ཡད་པ་ད་བད་ནས་ དམ་བགས་ད་་ད་ན་དམར་ཤག་ག་དཔ་ དབ་ནག་པ་ (Black Book Of Commu- nism) ཞས་པའ་ནང་འཁད་པའ་གནས་ངས་ དང་གཅག་མངས་ཤག་ཆགས་ཡད། དཔ་ དབ་ད་ན་ཨ་་ལའ་ལ་མ་ཚར་ཡངས་གས་ ཆགས་ཡད། ་ནག་གང་གས་བད་་ ༸བས་མགན་་ལའ་་མ་མཆག་གས་་ ཚགས་ང་པ་ར་ལང་ག་འ་ཆབ་ད་་ ས་་ལ་་ཟར་བ་ད་ད་ཆ་འལ་མད་ ཆགས་ཟན། གང་ཡན་བད་ན་ཉན་ཤས་ན་ ནས་བཙན་ལ་བད་མའ་བཅའ་མས་ནང་ཡད་ པའ་བད་་༸བས་མགན་་ལའ་་མ་མཆག་ ག་ཆབ་ད་་་དབང་མས་ར་བ་ས་ ཡད། ས་ཚགས་་་བ་འདའ་ནང་ང་ བའ་བད་མད་ད་་པ་ཀ་དགན་པའ་དཀའ་ ངལ་ཐག་ཨ་་ལའ་ད་གང་གས་གས་ ཞབ་གནང་ར་ངས་ར་བ་་བཞན་ཡད། ཅས་ སགས་་ཛ་ག་ག་འབད་ལ་ས་པར་ཨ་ ་ལའ་དཔལ་འར་ཡར་ས་ན་ཁང་ག་ང་ གཞན་ལས་རགས་་ཞབས་ས་ཊ་་ན་ས་ཊག་ ལ་ཡ་ (Stefano Staglia) མཆག་གས་ཨ་ ་ལའ་ད་གང་གས་་རབ་་མན་ལ་ ཁབ་དང་ང་འལ་ཐག་་པ་ཀ་དགན་པ་ནས་ གནས་ལ་ཐན་པ་དར་ང་ཚ་འདད་་མ་ཁངས་ པའ་ཚར་ང་ང་བ་ད་མན་དངས་གཅག་ ར་ས་་ནག་གང་ལ་བད་འ་ཐག་ གཅད་ཟན་ཡད་ཅས་གསལ་བཤད་གནང་ཡད་པ་ བཅས།། ་ཀ་ར་ཡའ་ནང་དཔར་རགས་་ལམ་ནས་ བད་དན་ལ་བགས་གནང་བ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༢༢ ཉན་ འཛམ་ང་ནང་ན་གས་ཆ་བའ་ཨ་རའ་ ག་བན་འབ་ན་པ་དང་ན་རང་ནས་ ༸གང་ས་༸བས་མགན་ཆན་པ་མཆག་ ལ་དད་ས་ཆན་པ་་བཞན་བད་དན་བ་ ར་གནང་མཁན་་ཞབས་ར་ཆ་ཌ་གར་ ལགས་ས་ (Richard Gere) ་ཀ་ར་ ཡའ་ (South Korea) ལ་ས་ས་ཨལ་ (Seoul) ནང་དཔར་རགས་འམས་ན་་ ལམ་ནས་བད་མ་ཚས་་ནག་གང་ག་དབང་ འཛན་འག་ག་ང་མནར་གཅད་ཚད་ལས་ བལ་བ་ངས་དང་ང་བཞན་ཡད་པ་མང་ ཚགས་ལ་ལ་བགས་གནང་ཡད། ད་བཞན་ ཨ་རའ་གང་གས་ནས་བད་དན་ཐག་ར་ ལས་ག་པའ་གས་ན་ག་དགས་པ་མ་ ཟད། བད་་ལ་ས་་སར་ཨ་རའ་གང་ ཚབ་ལས་ངས་འགས་དགས་པ་སགས་་ ་གགས་གནང་ཡད། ༸གང་ས་མཆག་བད་ལ་གདན་་དགས་པར་ ཨ་ས་ཊ་ལ་ཡའ་ས་ཚགས་གང་མས་ བ་ར་གནང་བ། ༄༅། །་ ༢༠༡༡ ་ ༦ ཚས་ ༡༥ ཉན་ ཨ་ས་ཊ་ལ་ཡའ་ང་་ཚགས་པའ་ཚགས་ གཙ་ས་ཚགས་གང་མའ་ཚགས་མ་བད་དན་ བ་ར་བ་་ཞབས་བ་་རན་ (Bob Brown) མཆག་དང་རང་དབང་ཚགས་པའ་ ད་ད་་ཞབས་ནཀ་ཛ་ན་ཕན་ (Nick Ze- nophon) མ་གཉས་ས་ད་ད་ད་ས་ ཚགས་གང་མའ་ (Australian Senate) ནང་༸གང་ས་༸བས་མགན་ཆན་པ་མཆག་ བད་ལ་གདན་་དགས་པའ་ས་གཞ་བཏན་པ་ དར་བ་ར་གནང་ཡད། ས་གཞ་དའ་ནང་ ཉ་ལམ་བད་་༸བས་མགན་་ལའ་་མ་ མཆག་ཨ་ས་ཊ་ལ་ཡའ་ས་ཚགས་་ཆབས་ ར་བས་ཨ་ས་ཊ་ལ་ཡའ་ད་ན་མཆག་ དང་ཨ་ས་ཊ་ལ་ཡའ་་འལ་ན་ཆན་མཆག་ མ་གཉས་ས་མཇལ་འད་མ་གནང་བ་དར་ ་ཕམ་ང་ལ་འཁད་ཡད། ཐང་གའ་་ལ་འམས་ན་གནང་བ། ༄༅། །་ལ་ ༢༠༡༡ ་ ༦ ཚས་ ༢༧ ཉན་་ས་ ཐག་ཆན་ཆས་ང་གག་ལག་ཁང་ག་མ་ལ་ ་ཚང་ག་འཛན་ཁང་་བད་་ན་གས་གཙང་ ས་་ལ་ཐང་གའ་འམས་ན་གནང་ཡད། ད་ཉན་་་་ཚད་ ཐག་་ མན་གཙ་བ་ལ་བ་ཀ་པ་རན་པ་ཆ་མཆག་ དང་། བཀའ་ན་་ཚབ་ཆས་རག་བཀའ་ན་ཚ་ རང་ན་ཚགས་མཆག ཀ་རན་པ་ཆའ་་ཚབ་ དང། འལ་ཡད་ར་མའ ་བབ་པ་མཐར་སན་དང་ བ་ག་བཅས་ན་མ་ངས་ ༦༠ བལ་བ་ན་ འཛམས་ཐག་ལ་བ་ཀ་པ་རན་པ་ཆ་མཆག་ གས་ཐང་གའ་འམས་ན་ད་འད་གནང་་ གཟགས་ཞབ་བ་མཚམས་ན་འལ་་གསལ་ ཇ་འས་སལ་ལ། ད་ས་ཆས་རག་བཀའ་ན་མཆག་ གས་བབ་པ་མཐར་སན་་བ་གཉར་བ་མས་ ལ་ག་འར་གནང་་གང་བཤད་གནང་བའ་ ང་དན། འདར་ར་མའ ་་ལ་་ལམ་ནས་བད་་ ཆས་དང་རག་གང་སགས་འཛམ་ང་འདའ་ང་ ང་ད་ད་བ་འ་ན་ན་་་ཆགས་ཡད།

tibfreedom 29/6/11

Embed Size (px)

DESCRIPTION

tibfreedom 25th issue

Citation preview

Page 1: tibfreedom 29/6/11

བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་རི་ཟླའི་ལྕགས་ཡོས་ལོ། བོད་ཟླ་ ༤ ཚེས་ ༢༨ རེས་གཟའ་ལྷག་པ།

ལོ་ ༤ ཨང༌། ༢5 དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག

29th June 2011

Vol. 4 Issue 25 Price Rs. 1

གནས་ཚུལ་སྙིང་བསྡུས།

དབུ་མའི་ལམ་ནི།

རྒྱ་ནག་མི ་དམངས་སྤྱི ་མཐུན་རྒྱལ་ཁབ་ཀྱི ་རྩ་

ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་

ཐང་ཡོད་པའི ་བོད་རིགས་ཡོངས་ལ་མི ་རིགས་

ས་གནས་རང་སྐྱོང ་གི ་གནས་བབ་ཚད་ལྡན་

མིང་དོན་མཚུངས་པ་ཞིག་དགོས།

བོ ད ་ གཞུང ་ བཀའ ་ཤག ་གི ས །

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱ་ི

ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་

ཝ་ིཏ་ིནམ་(Veitnam) དད་ལྡན་ཆོས་ཞུ་བ་ཁག་

གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་

ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་

གྱིས་གོང་ཚེས་ཉིན་ཐེག་ཆེན་ཆོས་གླིང་གཙུག་

ལག་ཁང་དུ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་

དབུ་འཛུགས་མཛད་ཡོད། ད་ེཉིན་སྔ་དྲ་ོཆུ་ཚོད་

༩།༣༠ ཐོག་ཝ་ིཏ་ིནམ་དད་ལྡན་ཆོས་ཞུ་བ་རྣམས་

ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་

བྲང་ནས་སྤོས་སྣེས་སྔོན་བསུས་ཏེ་ཐེག་ཆེན་ཆོས་

གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་

སོར་འཁོད་རྗེས་མགོན་པ་ོགང་ཉིད་མཆོག་གིས་ཝ་ི

ཏ་ིནམ་དད་ལྡན་ཆོས་ཞུ་བ་ ༥༠༠ གཙ་ོབོར་གྱུར་

པའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་

༥༥༠༠ བརྒལ་བར་སྔོན་འགྲོའ་ིབཀའ་ཆོས་སྩལ་

དོན།

དེ་རིང་འདིར་ཆོས་ཞུ་བ་ཆེད་དུ་བྱ་

བའི་གདུལ་བྱ་ཝི་ཏི་ནམ་ཡུལ་ནས་ཕེབས་མཁན་

ཚ་ོཆགས་ཡོད། ངོས་རང་ཨ་ར་ིདང་། ཕ་རན་སི།

ཨོ་སི་ཊོ་ལི་ཡ་སོགས་ལ་བསྐྱོད་སྐབས་ཝི་ཏི་ནམ་

ཆོས་གྲོགས་ཕོ་མོ་མང་དག་ཅིག་ཐུག་གི་ཡོད།

འོན་ཀྱང་ཝི་ཏི་ནམ་རང་ནས་ཆོས་ཞུ་བར་ཡོང་

མཁན་མང་པོ་ཞིག་དང་ཐུག་རྒྱུ་བྱུང་བ་ད་རེས་

ཐོག་མ་ཡིན། ཁྱེད་

རྣམས་ཆེད་མངགས་

ཝི་ཏི་ནམ་ནས་ཆོས་

དོན ་དུ་གཉེར་ནས་

ཡོ ང ་བ ་ཞིག ་རེ ད །

དེར་བརྟེན་ངོས་ཀྱིས་

ཚང་མར་འཚམས་

འདྲི་དང་དགའ་བསུ་

ཞུ་རྒྱུ་ཡིན། ངོས་ཀྱ་ི

ཆོས་འབྲེལ་སྐབས་

ཐོག་མར་སངས་རྒྱས་

ཀྱི་ཆོས་ངོ་སྤྲོད་བྱེད་

རྒྱུ་དེ་གལ་ཆེན་པོར་

རྩ་ིབཞིན་ཡོད། གང་

ཡིན་བརྗོད་ན། སངས་རྒྱས་ཀྱ་ིཆོས་ལ་ག་ོརྟོགས་

གང་ཡང་མེད་པ་ཞིག་གིས་སངས་རྒྱས་པའི་ཆོས་

པ་ཡིན་ཞེས་སངས་རྒྱས་དང་ཆོས། དག་ེའདུན་

གསུམ་ལ་སྐྱབས་སུ་མཆ་ིཞེས་བརྗོད་ནས་སྐྱབས་

འགྲོའ་ིཚིག་ཙམ་ཞིག་བཏོན་ནས་ནང་པའི་ཆོས་

བྱེད་ཀྱི་ཡོད་དྲན་མཁན་མང་པོ་ཞིག་ཡོང་གི་ཡོད།

སྐྱབས་སུ་འགྲོ་ཡུལ་གྱི་སྐྱབས་གནས་གསུམ་པོ་

དེ་གང་འདྲ་ཡིན་མིན་གྱི་གོ་རྟོགས་གང་ཡང་མེད་

པར་དད་པ་གཙོ་བོར་བྱས་ཏེ་འགྲོ་རྒྱུ་དེ་ཚད་ལོང་

ག་ིམེད།

སྤྱིར་རྒྱ་གར་གྱི་མཁས་པའི་གཞུང་

ནང་དབང་རྟུལ་དད་པའི་རྗེས་འབྲངས་དང་དབང་

རྣོན་ཆོས་ཀྱི་རྗེས་འབྲངས་ཟེར་བའི་གདུལ་བྱ་མི་

འདྲ་བ་གཉིས་ཡོང་ག་ིཡོད། ང་ཚ་ོདུས་རབས་ཉེར་

གཅིག་པའ་ིནང་ལ་སླེབས་ཡོད། ས་ོསོས་ཆོས་

དད་བྱེད་རྒྱུ་དེའང་དུས་རབས་ཉེར་གཅིག་དང་

འཚམས་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་རེད།

དེར་བརྟེན་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེ་དོན་

ཆེན་རྩིས་ཀྱ་ིཡོད། ཅེས་སོགས་ཀྱ་ིབཀའ་སློབ་

གྲུབ་བསྟུན་བཀའ་ཆོས་དངོས་གཞི་དབུ་འཛུགས་

བཀྲིན་བསྐྱངས་ཏེ་སྔ་དྲོ་ཆོས་ཐུན་གཅིག་དང་ཕྱེད་

ཡོལ་ཆོས་ཐུན་གཅིག་སྩལ་ཡོད་པ་བཅས།།

ཨི་ཊ་ལིའི་གྲོས་ཚོགས་ནང་ཀིརྟི་དགོན་པའི་གནས་སྟངས་ཐོག་ཛ་དྲག་གི་འབོད་སྐུལ་ཞུས་པ།༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༩ ཉིན་ཨི་

ཊ་ལིའི་གྲོས་ཚོགས་འཐུས་མི་རྒྱལ་སྤྱིའི་གྲོས་

ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (IN-

PaT) ཚོགས་གཙོ་སྐུ་ཞབས་མེ་ཐིའོ་མེ་ཁ་ཅི་

(Matteo Mecacci) མཆོག་གིས་ཨི་ཊ་ལིའི་

གྲོས་ཚོགས་སུ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་

པའི་གནས་སྟངས་གསལ་བཤད་གནང་དོན།

བོད་ནང་ཟླ་ཤས་རིང་ནས་འགྲོ་བ་

མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་

པའི་གནས་སྟངས་ཐོག་ཨི་ཊ་ལིའི་སྲིད་གཞུང་

ལ་ངས་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུའི་སྐབས་

འདིར་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་

འཐུས་མི་ ༣༨ ཚང་མས་འདིར་རྒྱབ་སྐྱོར་དང་

དཔང་རྟགས་གནང་བར་བཀུར་འོས་ཚོགས་གཙོ་

མཆོག་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་

གནས་སྟངས་ལྟ་བུར་མཚོན་ན་ཨི་ཊ་ལི་དང་ཡུ་

རོབ་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་

ཡོད། བོད་ནང་བྱུང་བའི་གནས་ཚུལ་དེ་གསང་

ཐབས་མེད། ང་ཚོའི་སྲིད་གཞུང་དང་ནུབ་ཕྱོགས་

རྒྱལ་ཁབ་འགའ་རེས་བོད་མིའི་གནས་སྟངས་

ཐོག་སྐད་ཆ་ཤོད་རྒྱུར་འཚེར་སྣང་བྱེད་བཞིན་

ཡོད། སྟབས་མ་ལེགས་པ་ཞིག་ལ་འདས་པའི་

ལོ་འགའ་ཤས་ནས་བོད་མི་ཚོར་དམ་བསྒྲགས་

ཤུགས་ཆེ་རུ་བཏང་ཡོད། དེང་སྐབས་ཚང་མས་

ལྷོ་ཨ་ཕི་རི་ཀའི་ནང་དོ་སྣང་ཆེན་པོ་བྱེད་བཞིན་

པའི་གནས་སྟངས་དང་རྒྱ་ནག་ནང་ལོ་མང་རིང་

ནས་གཅིག་བསྡུས་དབང་འཛིན་པས་སྲིད་དབང་

སྒེར་གཅོད་བྱས་པའི་གནས་སྟངས་གཉིས་ལ་

ཁྱད་པར་གང་ཡང་མེད། འོན་ཀྱང་རྒྱ་ནག་གཞུང་

གིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་

གནོན་ཤུགས་སྤྲོད་ཐུབ་ཀྱི་ཡོད་པ་གསལ་པོ་རེད།

བདུན་ཕྲག་འགའ་ཤས་སྔོན་ནས་

བྱུང་བའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་

གནས་སྟངས་དེ་ཐོག་མར་དགོན་པ་དེའི་བོད་མི་

དགེ་འདུན་པ་གཞོན་སྐྱེས་ཤིག་གིས་རང་ཉིད་ཀྱི་

སྐུ་སྲོག་བློས་བཏང་བ་ནས་བཟུང་དོན་རྐྱེན་དེ་

འགོ་བཙུགས་ཡོད། རྒྱ་ནག་གཞུང་གིས་དགོན་

པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་

སྡོམ་གྱིས་བོད་མི་ཚོའི་རང་གི་རྩ་བའི་བླ་མ་

༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་

ཉར་མི་ཆོག་པའི་བཙན་བཀའ་བཏང་སྟེ་བོད་མི་

ཚོའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་

བཞིན་ཡོད།

དེར་བརྟེན་རྔ་པའི་མི་མང་དང་རྔ་པ་

ཀིརྟི་དགོན་པ་བཅས་ནས་བོད་མི་སྟོང་ཕྲག་མང་

པོས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་

པའི་སྲིད་བྱུས་དེར་ཞི་བའི་རྔམ་སྟོན་བྱེད་སྐབས་

རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཡོད་པ་མ་

ཟད། རྔ་པ་ཀིརྟི་དགོན་པ་སྒོ་བརྒྱབ་སྟེ་དགེ་འདུན་

པ་ཕྱིར་མ་བཏང་བ་མ་ཟད། ཁོང་རྣམས་ལ་གདུང་

སེམས་མཉམ་སྐྱེ་བྱེད་མཁན་རྔ་པའི་མང་ཚོགས་

རྣམས་ཀྱི་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་

འཚོ་བའི་ཡོ་བྱད་ཁ་ཟས་དང་འཐུང་ཆུ་སོགས་

བསྐྱལ་དུ་འགྲོ་སྐབས་རྒྱ་མིའི་དྲག་ཆས་ཉེན་རྟོག་

པས་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད།

ཕྱོགས་མཚུངས་རྔ་པའི་མི་མང་དང་ཀིརྟི་དགོན་

པའི་དགེ་འདུན་པ་བཅས་ཁྱོན་མི་གྲངས་ ༣༠༠

ཙམ་རྒྱ་ནག་གཞུང་གིས་བཙོན་འཇུག་གིས་རྒྱལ་

གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་

བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོར་

རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའ་ི

ལས་འགུལ་སྤེལ་བཞིན་ཡོད་པ་དེ་བརྒྱུད་ནས་

དམ་བསྒྲགས་བྱེད་རྒྱུ་དེ་ནི་དམར་ཤོག་གི་དཔེ་

དེབ་ནག་པོ་ (Black Book Of Commu-

nism) ཞེས་པའི་ནང་འཁོད་པའི་གནས་སྟངས་

དང་གཅིག་མཚུངས་ཤིག་ཆགས་ཡོད། དཔེ་

དེབ་དེ་ནི་ཨི་ཊཱ་ལིའི་ཡུལ་མི་ཚོར་ཡོངས་གྲགས་

ཆགས་ཡོད།

རྒྱ ་ ནག ་གཞུང ་གིས ་བོ ད ་ཀྱི ་

༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྤྱི་

ཚོགས་རྙིང་པ་རོ་ལང་རྒྱག་རྒྱུའི་ཆབ་སྲིད་ཀྱི་

བྱུས་སྒོ་སྤེལ་རྒྱུ་ཟེར་བ་དེ་ད་ཆ་འབྲེལ་མེད་

ཆགས་ཟིན། གང་ཡིན་བརྗོད་ན་ཉིན་ཤས་སྔོན་

ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཡོད་

པའི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་

གི་ཆབ་སྲིད་ཀྱི་སྐུ་དབང་རྣམས་ཕྱིར་བསྡུ་བྱས་

ཡོད།

གྲོས་ཚོགས་ཀྱི་རྭ་བ་འདིའི་ནང་གླེང་

བའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དཀའ་

ངལ་ཐོག་ཨི་ཊཱ་ལིའི་སྲིད་གཞུང་གིས་ཐུགས་

ཞིབ་གནང་རྒྱུར་ངས་རེ་བ་ཞུ་བཞིན་ཡོད། ཅེས་

སོགས་ཀྱི་ཛ་དྲག་གི་འབོད་སྐུལ་ཞུས་པར་ཨི་

ཊཱ་ལིའི་དཔལ་འབྱོར་ཡར་རྒྱས་ལྷན་ཁང་གི་དྲུང་

གཞོན་ལས་རོགས་སྐུ་ཞབས་སི་ཊི་ཕཱ་ནོ་སི་ཊག་

ལི་ཡ་ (Stefano Staglia) མཆོག་གིས་ཨི་

ཊཱ་ལིའི་སྲིད་གཞུང་གིས་ཡུ་རོབ་སྤྱི་མཐུན་རྒྱལ་

ཁབ་དང་ཟུང་འབྲེལ་ཐོག་རྔ་པ་ཀིརྟི་དགོན་པ་ནས་

གནས་ཚུལ་ཐོན་པ་དེར་ང་ཚོ་འདོད་བློ་མི་ཁེངས་

པའི་ཚོར་སྣང་བྱུང་བ་དེ་མགྲིན་དབྱངས་གཅིག་

གྱུར་གྱིས་རྒྱ་ནག་གཞུང་ལ་བརྗོད་རྒྱུའི་ཐག་

གཅོད་ཟིན་ཡོད་ཅེས་གསལ་བཤད་གནང་ཡོད་པ་

བཅས།།

ལྷོ་ཀོ་རི་ཡའི་ནང་དཔར་རིགས་ཀྱི་ལམ་ནས་

བོད་དོན་དྲིལ་བསྒྲགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༢ ཉིན་

འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་

གློག་བརྙན་འཁྲབ་སྟོན་པ་དང་ཡུན་རིང་ནས་

༸གོང་ས་༸སྐྱབས་མགོན་ཆེན་པོ ་མཆོག་

ལ་དད་གུས་ཆེན་པོ་ཞུ་བཞིན་བོད་དོན་རྒྱབ་

སྐྱོར་གནང་མཁན་སྐུ་ཞབས་རི ་ཆ་ཌི ་གེར་

ལགས་ཀྱིས་ (Richard Gere) ལྷོ་ཀོ་རི་

ཡའི་ (South Korea) རྒྱལ་ས་སི་ཨོལ་

(Seoul) ནང་དཔར་རིགས་འགྲེམས་སྟོན་གྱི་

ལམ་ནས་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་

འཛིན་འོག་སྡུག་སྦྱོང་མནར་གཅོད་ཚད་ལས་

བརྒལ་བ་མྱངས་དང་མྱོང་བཞིན་ཡོད་པ་མང་

ཚོགས་ལ་དྲིལ་བསྒྲགས་གནང་ཡོད། དེ་བཞིན་

ཨ་རིའི་གཞུང་ཕྱོགས་ནས་བོད་དོན་ཐོག་སྔར་

ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས་པ་མ་

ཟད། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་

ཚབ་ལས་ཁུངས་འཛུགས་དགོས་པ་སོགས་ཀྱི་

ཞུ་གཏུགས་གནང་ཡོད།

༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པར་

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མས་

རྒྱབ་སྐྱོར་གནང་བ།

༄༅། །ཕྱི་ ༢༠༡༡ ཟླ་ ༦ ཚེས་ ༡༥ ཉིན་

ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་

གཙོ་གྲོས་ཚོགས་གོང་མའི་ཚོགས་མི་བོད་དོན་

རྒྱབ་སྐྱོར་བ་སྐུ་ཞབས་བྷོབ་བྷོ་རོན་ (Bob

Brown) མཆོག་དང་རང་དབང་ཚོགས་པའི་

དབུ་ཁྲིད་སྐུ་ཞབས་ནིཀ་ཛེ་ནོ་ཕོན་ (Nick Ze-

nophon) རྣམ་གཉིས་ཀྱིས་དབུ་ཁྲིད་དེ་གྲོས་

ཚོགས་གོང་མའི་ (Australian Senate)

ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

བོད་ལ་གདན་ཞུ་དགོས་པའི་གྲོས་གཞི་བཏོན་པ་

དེར་རྒྱབ་སྐྱོར་གནང་ཡོད། གྲོས་གཞི་དེའི་ནང་

ཉེ་ལམ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་

མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་ཆིབས་

སྒྱུར་སྐབས་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་

དང་ཨོ་སི་ཊོ་ལི་ཡའི་ཕྱི་འབྲེལ་བློན་ཆེན་མཆོག་

རྣམ་གཉིས་ཀྱིས་མཇལ་འཕྲད་མ་གནང་བ་དེར་

བློ་ཕམ་བྱུང་ཚུལ་འཁོད་ཡོད།

ཐང་གའི་སྒྱུ་རྩལ་འགྲེམས་སྟོན་གནང་བ།

༄༅། །ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༢༧ ཉིན་རྡ་ས་

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྣམ་རྒྱལ་

གྲྭ་ཚང་གི་འཛིན་ཁང་དུ་བོད་ཀྱི་སྨན་ལུགས་གཙང་

བྲིས་སྒྱུ་རྩལ་ཐང་གའ་ིའགྲེམས་སྟོན་གནང་ཡོད།

ད་ེཉིན་སྔ་དྲ་ོཆུ་ཚོད་ ༩ ཐོག་སྐུ་

མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་

དང་། བཀའ་བློན་ཁྲ་ིཚབ་ཆོས་རིག་བཀའ་བློན་ཚ་ེ

རིང་ཕུན་ཚོགས་མཆོག ཀིརྟ་ིརིན་པ་ོཆེའ་ིསྐུ་ཚབ་

དང། འབྲེལ་ཡོད་ར་ིམོའ་ིབསླབ་པ་མཐར་སོན་དང་

སློབ་ཕྲུག་བཅས་ཁྱོན་མ་ིགྲངས་ ༦༠ བརྒལ་བ་ལྷན་

འཛོམས་ཐོག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་

གིས་ཐང་གའི་འགྲེམས་སྟོན་དབུ་འབྱེད་གནང་སྟེ་

གཟིགས་ཞིབ་གྲུབ་མཚམས་རྟེན་འབྲེལ་གྱི་གསོལ་

ཇ་འབྲས་སིལ་ཕུལ།

དེ་རྗེས་ཆོས་རིག་བཀའ་བློན་མཆོག་

གིས་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་

ལ་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་བའི་

སྙིང་དོན། འདིར་ར་ིམོའ་ིསྒྱུ་རྩལ་གྱ་ིལམ་ནས་བོད་ཀྱ་ི

ཆོས་དང་རིག་གཞུང་སོགས་འཛམ་གླིང་འདིའི་སྟེང་

ང་ོསྤྲོད་བྱེད་ཐུབ་རྒྱུའ་ིདྲན་རྟེན་ལྟ་བུ་ཆགས་ཡོད།

Page 2: tibfreedom 29/6/11

པར་ངོས་གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༤ ཚེས་ ༢༨ ཕྱི་ཟླ་ ༦ ཚེས་ ༢9

༼འཕྲོས་བདུན་ཕྲག་རྗེས་མར་གཟིགས།༽

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པར་གཏན་འབེབས་ཇི་བྱུང་ཕྱོགས་བསྒྲིགས། ༼བདུན་ཕྲག་སྔོན་མའ་ིའཕྲོས།༽

དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་

འགྱུར།

༡༽སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་

གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་༣༨ པར་

གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་

ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་

ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་

གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་

སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས།

༢༽དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་

སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་

སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་

ཡིན་ན། འོས་བསྡུ་ཆེན་མོའ་ིསྐབས་སྤྱི་འཐུས་

ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་

བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་

དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་

གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་

ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་

ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་

འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་

ཐོའ་ིནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་

དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་

འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ།

གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་

བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་

ནང་ཚུན་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་

བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་

འགྱངས་བྱེད་འཐུས་དང༌། སྤྱི་འཐུས་ལྷན་

ཚོགས་འཚོགས་བཞིན་པ་ཡིན་ན་དེ་ཐོག་དང༌།

དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་

འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་

ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་

ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་

བཀའ་འཁྲོལ་ཞུ་དགོས་ཤིང༌། སྤྱི་འཐུས་ལྷན་

ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་

ངེས་པར་ཟིན་པ་དགོས།

དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་

ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།

༡༽སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་

ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་

ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་

མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་

གཅོད་མི་ཆོག

༢༽ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་

བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་

ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་

ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་

སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་

སུ་མེད།

དོན་ཚན་ང་དགུ་པ། དམིགས་བསལ་ཚོགས་

ཆེན།

༡༽ཛ་དྲག་དང༌། གལ་ཆེའི་ལས་དོན་ཐོག་རྒྱ་

ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་

ཀྱི་གནས་ཚུལ་བྱུང་སྐབས་བཀའ་ཤག་དང༌།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌།

ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་གྱིས་

དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་བྱེད་

འཐུས།

༢༽ཚོགས་ཆེན་འདི་རིགས་ཀྱི་ཚོགས་མིའི་

ཡོང་ཁུངས་ནི། བོད་མི་མང་སྤྱི་འཐུས་ལྷན་

ཚོགས་ཀྱི་སྤྱི་འཐུས་རྣམས་ཀྱི་ཐོག སྐབས་

བསྟུན་ཚོགས་འཐུས་ཇི་དགོས་དང༌། ཚོགས་

འདུའི་གྲོས་གཞི། ཚོགས་དུས་དང༌། འཚོགས་

ཡུལ་བཅས་བཀའ་ཤག་དང༌། སྤྱི་འཐུས་ལྷན་

ཚོགས་སམ། ཡང་ན་བཀའ་ཤག་དང༌། རྒྱུན་

ལས་ཀྱིས་གཏན་འབེབས་བྱ་རྒྱུ།

༣༽ཚོགས་མིའི་ཡོང་ཁུངས་དང༌། གྲོས་གཞི།

ཚོགས་དུས། འཚོགས་ཡུལ་བཅས་གཏན་

འབེབས་ཟིན་འཕྲལ་ཚོགས་དྲུང་ལས་ཁུངས་

ཀྱིས་ཚོགས་འདུ་ཚོགས་ཚེས་ཀྱི་ཉིན་གྲངས་

༤༥ ཡི་སྔོན་དུ་བརྡ་ཁྱབ་གཏོང་དགོས།

དོན་ཚན་དྲུག་ཅུ་པ། བོད་རང་དབང་བདེན་པའི་

ལས་འགུལ་གྱི་ས་གནས་ཚོགས་ཆུང༌།

༡༽བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་

གང་སར་བོད་རང་དབང་བདེན་པའི་ལས་འགུལ་

གྱི་ས་གནས་ཚོགས་ཆུང་རེ་དགོས་པར་སྒྲིག་

གཞི་གཞིར་བཟུང་ས་གནས་མི་མང་ནས་འོས་

བསྡུ་བྱས་པའི་ཚོགས་མི་གསུམ་ལས་མི་ཉུང་

ཞིང༌། བཅུ་གཅིག་ལས་མ་མང་བ་རེ་དགོས། སྤྱི་

འཐུས་ལྷན་ཚོགས་དང༌། ས་གནས་ཚོགས་ཆུང་

དབར་ཐད་ཀའི་འབྲེལ་ལམ་ཐོག་བོད་དོན་བདེན་

མཐའ་གསལ་ཐབས་དང༌། བོད་མིའི་བསམ་སྤྱོད་

དང་དངོས་པོའ་ིཁེ་ཕན་ཡར་རྒྱས་གཏོང་ཕྱོགས་

ལ་སྨན་པའི་ལས་དོན་བསྒྲུབ་རྒྱུ།

༢༽ས་གནས་ཚོགས་ཆུང་གསར་འཛུགས་

དང༌། ཕྱིར་བསྡུ། ཟླ་སྒྲིལ་བཅས་སྤྱི་འཐུས་ལྷན་

ཚོགས་ཀྱི་བཀོད་ཁྱབ་འོག་བྱ་རྒྱུ།

༣༽ས་གནས་ཚོགས་ཆུང་ཁག་གི ་སྒྲིག་

འཛུགས་དང༌། ལས་དོན་བྱེད་ཕྱོགས། དཔྱ་ཁྲལ་

བསྡུ་འབུལ་ལ་ཞིབ་འཇུག་བཅས་སྤྱི་འཐུས་ལྷན་

ཚོགས་ཀྱི་ཐད་ཀའི་ལྟ་སྐྱོང་འོག་བྱ་རྒྱུ་བཅས།

༤༽གོང་གསལ་ནང་གསེས་ ༡ ནང་གསལ་

སྒྲིག་གཞི་གཞིར་བཟུང་ཚོགས་ཆུང་འཛུགས་

མི་ཐུབ་པའི་རིགས་ལ་ད་མུས་སྒྲིག་འཛུགས་ཇི་

ཡོད་གནས་འཐུས་སྤྱི་ལྷན་ནས་དམིགས་བསལ་

ཆོག་མཆན་གནང་འཐུས།

དོན་ཚན་རེ་གཅིག་པ། ཚོགས་དྲུང་ལས་

ཁུངས།

སྤྱི ་འཐུས་ལྷན་ཚོགས་ལ་གཏན་འཇགས་

ཚོགས་དྲུང་ལས་ཁུངས་ཤིག་དགོས་པར་སྤྱི་

ཁྱབ་དྲུང་ཆེ་གཅིག་དང༌། ལས་བྱེད་ཇི་དགོས་

ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པས་

བཀའ་ཤག་དང་གོ་བསྡུར་གྱིས་ལས་བྱེད་སྒྲིག་

སྲོལ་ལྟར་བསྐོ་གཞག་བྱ་རྒྱུ།

དོན་ཚན་རེ་གཅིག་ཀ་པ། ཁྲིམས་དོན་ལས་

ཁུངས།

སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ལྟ་སྐྱོང་

འོག་ཁྲིམས་དོན་ལས་ཁུངས་ཤིག་འཛུགས་ཆོག་

པ་དང༌། ལས་ཁུངས་འད་ིནས་བཀའ་ཤག་དང༌།

སྤྱ་ིའཐུས་ལྷན་ཚོགས། བཀའ་བློན་བྱ་ེབྲག་པ་དང༌།

སྤྱི་འཐུས་བྱེ་བྲག་པ་སོ་སོ་བཅས་ལ་ཁྲིམས་ཡིག་

འཆར་ཟིན་བཟོ་འགོད་དང་ཁྲིམས་དོན་དང་འབྲེལ་

བའ་ིལས་དོན་ཁག་ལ་རྒྱུས་སྟོན་བྱ་རྒྱུ།

ལེའུ་དྲུག་པ།

ཁྲིམས་ལུགས་དབང་འཛིན།

དོན་ཚན་རེ་གཉིས་པ། ཆེས་མཐོའ་ིཁྲིམས་ཞིབ་

ཁང༌།

བོད་མིའི་སྒྲིག་འཛུགས་དང༌། མི་མང་གི་

གནས་སྐབས་དམིགས་བསལ་དགོས་མཁོ་

དང་འཚམས་པའི་ཁྲིམས་ལུགས་དབང་འཛིན་

གྱི་ཆེས་མཐོའ་ིཁྲིམས་ཞིབ་ཁང་ཞིག་དགོས་པ་

དང༌། ཁྲིམས་ཞིབ་ཁང་དེའི་ནང་ཁྲིམས་ཞིབ་པ་

ཆེ་བ་གཅིག་དང༌། སྤྱི་འཐུས་ལྷན་ཚོགས་ནས་

ཁྲིམས་ཞིབ་པའི་གྲངས་སྤར་དགོས་པའི་ཁྲིམས་

ལུགས་མ་བཟོས་བར་ཁྲིམས་ཞིབ་པ་གཞན་

གཉིས་བཅས་དགོས་པ་ཡིན།

དོན་ཚན་རེ་གསུམ་པ། ཆེས་མཐོའ་ིཁྲིམས་

ཞིབ་ཁང་གི་ཁྲིམས་ཞིབ་པ།

༡༽ཆེས་མཐོའ ་ིཁྲིམས་ཞིབ་པ་ཆེ་བ་དང༌།

ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའ་ིགོ་

ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའ་ིཁྲིམས་

ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་

ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་

སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་

བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་

ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་

ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་

ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་

ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་

པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

༢༽ཆེས་མཐོའ ་ིཁྲིམས་ཞིབ་ཁང་གི་ཁྲིམས་

ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་

བཅས་ནི།

ཀ བོད་ཀྱི་ཡུལ་མི་ཡིན་པ་དང༌།

ཁ རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན།

ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་

ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ།

ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་

མཁས་པའི ་གྲས་སུ་ཚུད་པ་བཅས་ལ་མ་

གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་

བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་

བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་

ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་

བཅས་བསྐོ་གཞག་དགོས་རིགས་དོན་ཚན་

འདིའི་ནང་གསེས་དགོས་དོན་ཁག་ལ་བསྟུན་

གནང་མི་དགོས།

༣༽ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་

ལས་འཁུར་དུ་མ་ཞུགས་གོང་འཁྱུར་ཉེའི་ཁྲིམས་

ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་ཁྲིམས་

ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་

ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་

དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་

བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ལས་

འཁུར་དུ་མ་ཞུགས་པའི་གོང་ཁྲིམས་ལུགས་སུ་

གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་

འཁུར་དམ་བཅའམ། ཁས་ལེན་བྱེད་དགོས།

༤༽སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་

འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་

ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་

བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་

བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་

མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ།

རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་

བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་

དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་

རྒྱུན་འཛིན་བྱ་རྒྱུ།

༥༽ཆེས་མཐོའ ་ིཁྲིམས་ཞིབ་ཁང་གི་ཁྲིམས་

ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་

བཅས་སུ་རུང་ལས་འཁུར་ནས་རྒས་ཡོལ་ཐོན་

པའམ་འཕོ་འགྱུར་བྱས་པའི་སྐྱེ་བོ་སུ་ཡང་བོད་

མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་

གཞུག་མི་ཆོག

༦༽ཆེས་མཐོའ ་ིཁྲིམས་ཞིབ་ཁང་གི་ཁྲིམས་

ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་གསེང་ཞུ་

དགོས་བྱུང་རིགས་ལ་ལས་ཚབ་བཅའ་ཁྲིམས་

དོན་ཚན་ ༦༧ པའི་འོག་གཏན་འབེབས་བྱས་

པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱ་རྒྱུ།

དོན་ཚན་རེ་བཞི་པ། བཤེར་དཔང༌།

༡༽ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་

གཞན་གཉིས་བཅས་ཀྱི་ཁྲིམས་ཞིབ་ལས་དོན་

ལ་མཐུན་འགྱུར་ཆེད་ཚོགས་མི་གསུམ་ལས་

མི་མང་བའི་བཤེར་དཔང་ལྷན་ཚོགས་ཤིག་

དགོས་གལ་བྱུང་ན་འཛུགས་ཆོག དེའི་ཚོགས་

མི་རྣམས་བཀའ་ཤག་ལ་གོ་བསྡུར་ཐོག་ཁྲིམས་

ཞིབ་པ་ཆེ་བས་བསྐོ་གཞག་བྱ་རྒྱུ། བཤེར་དཔང་

གསུམ་གྱི་ནང་ནས་གཉིས་ལས་མ་ཉུང་བ་ཚད་

ལྡན་མཐོ་སློབ་ཅིག་ནས་ཁྲིམས་རྩོད་པའི་ལག་

ཁྱེར་ཐོན་པ་དགོས། བཤེར་དཔང་ལྷན་ཚོགས་

ཀྱི་ཚོགས་མིའི་ལས་རྒྱུན་ལོ་གསུམ་ལས་མི་

མང་བ་ཡིན། འོན་ཀྱང་མུ་མཐུད་བསྐྱར་དུ་བསྐོ་

གཞག་བྱ་རྒྱུར་དགག་ཆ་མེད།

༢༽གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་

ལ་དགོས་གལ་ནམ་བྱུང་མཚམས་བཤེར་དཔང་

གསུམ་ཐོག་གྱོད་གཞིའི་ གནད་དོན་ཐོག་ཉམས་

མྱོང་ཡོད་པའི་གཟུ་དཔང་ཚོགས་མི་དགུ་ལས་

མ་བརྒལ་བ་ཁྲིམས་ཞིབ་པ་ཆེ་བས་ཐད་ཀར་

སྐབས་སོ་སོར་བསྐོ་གཞག་བྱེད་ཆོག

དོན་ཚན་རེ་ལྔ་པ། ཆེས་མཐོའ་ིཁྲིམས་ཞིབ་

པའི་ཕོགས་ཐོབ།

༡༽ཆེས་མཐོའ་ིཁྲིམས་ཁང་གི་ཁྲིམས་ཞིབ་པ་

ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་

ཀྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་ཐོན་

ཕོགས། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་

ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་

ཇི་བྱས་ལྟར་འཐོབ་རྒྱུ།

༢༽ཆེས་མཐོའ ་ིཁྲིམས་ཞིབ་ཁང་གི་ཁྲིམས་

ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་

བཅས་ཀྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་

ཐོབ་ཐང་བཅས་ལ་གནོད་སྐྱོན་འགྲོ་བའི་བསྒྱུར་

བཅོས་དང༌། གཅོག་འཕྲི་མི་ཆོག

དོན་ཚན་རེ་དྲུག་པ། ཆེས་མཐོའ་ིཁྲིམས་ཞིབ་

ཁང་གི་དབང་ཚད།

༡༽ཆེས་མཐོའ་ིཁྲིམས་ཞིབ་ཁང་ནི་བཙན་བྱོལ་

བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་

གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་

མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་

པ་དེ་ཡིན།

༢༽བཙན་བྱོལ་དུ་གནས་རིང་གནས་ཡུལ་

རྒྱལ་ཁབ་སོ་སོའ་ིཁྲིམས་འོག་ཏུ་གནས་དགོས་

སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་

ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་

ཆེར།

ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་

དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་

རྩོད་གླེང་དང༌།

ཁ བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་

ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་

ཕྱོགས་དང༌། དྲང་བདེན་བྱུང་མིན་ལ་བརྟེན་པའི་

རྩོད་གླེང༌།

ག བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་

གི་ལས་དོན་དང༌། ཁེ་ཕན་རྗེས་འབྲེལ་གྱི་རྩོད་

གླེང༌།

ང བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་

རྩོད་གླེང༌།

ཅ བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང༌། སྤྱི་

ཚོགས་ཀྱི་བདེ་འཇགས།

ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་

བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའ་ིཚུལ་

གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང༌།

ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་

དང༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་

ཁག་གི་ལས་དོན་ བྱེ ད ་ ཕྱོ གས ་ དང ༌ །

འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང༌།

སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།

དོན་ཚན་རེ་བདུན་པ། ཆེས་མཐོའ་ིཁྲིམས་ཞིབ་

ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི།

བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་

ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་

གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའ་ི

ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་

འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་

བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་

གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་

གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།

དོན་ཚན་རེ་བརྒྱད་པ། ཆེས་མཐོའ་ིཁྲིམས་

ཞིབ་ཁང་ནས་བསམ་འཆར་བཞེས་འབུལ།

ཕྱིར་བསྡུ།

དོན་ཚན་རེ་དགུ་པ། ཁྲིམས་ཞིབ་ཁང་འོག་མ་

ཁག

༡༽ ཆེས་མཐོའ་ིཁྲིམས་ཞིབ་ཁང་གིས་ས་གནས་

ས་ོསོའ་ིའག་ོའཛིན་ཁག་དང༌། ད་ེམིན་ལས་བྱེད་

དང༌། སྐྱ་ེབ་ོསུ་འོས་ལ་ཁྲིམས་ཞིབ་ཀྱ་ིདབང་ཆ་

སྤྲད་ད་ེགཏན་འཇགས་དང༌། འཕྲལ་སེལ། ཡང་ན་

སྐོར་བསྐྱོད་བཅས་ཀྱི་ཁྲིམས་ཞིབ་ཁང་འོག་མའི་

ལས་དོན་སྐབས་བསྟུན་གྱིས་སྒྲུབ་ཆོག་པ་ཡིན།

༢༽ ཁྲིམས་ཞིབ་ཁང་འོག་མ་ཁག་ག་ིཁྲིམས་ཞིབ་

པ་དང་ཁྲིམས་ཞིབ་པ་སོ་སོར་དགོས་གལ་དང་

བསྟུན་པའ་ིབཤེར་དཔང་དང༌། གཟུ་དཔང་ཚོགས་

མི་ཇི་དགོས་བཅས་ཆེས་མཐོའ་ིཁྲིམས་ཞིབ་ཁང་

གི་ཁྲིམས་ཞིབ་པ་ཆེ་བས་ཁྲིམས་ཞིབ་པ་གཞན་

གཉིས་ལ་ག་ོབསྡུར་གྱིས་བསྐ་ོགཞག་བྱ་རྒྱུ།

དོན་ཚན་བདུན་ཅུ་པ། ཁྲིམས་དོན་ལས་ཁུངས།

ཕྱིར་བསྡུ།

Page 3: tibfreedom 29/6/11

པར་ངོས་གསུམ་པ།དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོགབོད་ཟླ་ ༤ ཚེས་ ༢༨ ཕྱི་ཟླ་ ༦ ཚེས་ ༢9

གསལ་བསྒྲགས།

སྨན་ཞབས་པ་ཁག་གཅིག་ལ་ཀྲི་བི་ནད་གཞི་སྔོན་འགོག་གི་ཚད་མཐོའ་ིཟབ་སྦྱོང་དབུ་འཛུགས་གནང་བ།༄༅། །ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༢༧ ནས་

༢༩ བར་ཉིན་གྲངས་གསུམ་རིང་གཞིས་ཆགས་

དང། སློབ་གྲྭ་ཁག ད་ེབཞིན་ལྷ་ོཕྱོགས་དགོན་སྡ་ེ

ཁག་གཅིག་བཅས་ཀྱི་སྨན་ཞབས་པ་རྣམས་ལ་

ཚད་མཐོའ་ིཀྲ་ིབ་ི(TB)ནད་གཞ་ིསྔོན་འགོག་ག་ིཟབ་

སྦྱོང་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་

ཚོད་ ༩།༣༠ ཐོག་ཕྱ་ིདྲིལ་ལྷག་པ་ཚ་ེརིང་དྲན་རྟེན་

ཚོགས་ཁང་དུ་འཕྲོད་བསྟེན་བཀའ་བློན་དཔལ་

འབྱོར་ཚ་ེརིང་མཆོག་གིས་དབུས། འཕྲོད་བསྟེན་

དྲུང་ཆ་ེདབང་ཕྱུག་ཕ་ཟུར་ལགས་དང། འཕྲོད་

བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས།

བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་

སྐྱིད་ལགས། ཨ་ིཊ་ལ་ིཚོགས་པའ་ིསྐུ་ཚབ་སྨན་པ་

ཕུལ་ཝ་ིཨ་ོསེལ་ཝ་ོ(Dr.Fulvio Salvo) ལགས།

བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་

རྡ་ོརྗ་ེལགས། ད་ེབཞིན་ཟབ་སྦྱོང་དུ་ཕེབས་པའ་ི

ས་ེར་བྱེས་སྨད་དང། འབྲས་སྤུངས། དགའ་ལྡན།

རྣམ་གྲོལ་གླིང་བཅས་ཀྱ་ིདག་ེའདུན་པ། བོད་མིའ་ི

གཞིས་ཆགས་དང་སློབ་གྲྭ་ཁག་གི་སྨན་ཞབས་པ་

བཅས་ཁྱོན་མ་ིགྲངས་ ༢༠ བརྒལ་བ་ལྷན་ཚོགས་

ཀྱིས་ཐོག་མར་བདེ་ལེགས་སྨན་ཁང་གི་སྨན་པ་

དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་

བཤད་གནང་སྐབས་གཞིས་བྱེས་གཉིས་ཀྱི་ནང་

ཀྲི་བི་ནད་གཞི་ཛ་དྲག་གི་གནས་སུ་གྱུར་ཡོད་པར་

བརྟེན། ནད་གཞ་ིའདིའ་ིཐོག་མང་ཚོགས་ལ་ག་ོ

རྟོགས་སྤེལ་རྒྱུའི་འགན་ཆེན་པོ་ཡོད་སྐོར་གསུང་

བཤད་གནང་གྲུབ་བསྟུན། ཀྲ་ིབ་ིལས་གཞིའ་ིཐོག་

ལོ་མང་ནས་རྒྱབ་སྐྱོར་གནང་མཁན་ཨི་ཊ་ལི་

ཚོགས་པའི་སྐུ་ཚབ་སྨན་པ་ཕུལ་ཝི་ཨོ་སེལ་ཝོ་

ལགས་ཀྱིས་ MDR དང་ XDR ཞེས་པའ་ིཀྲ་ི

བི་ནད་གཞི་དེ་ང་ཚོ་མིས་བཟོས་པའི་དཀའ་ངལ་

ཞིག་ཡིན་སྟབས་དེ་དག་མི་རང་གིས་སེལ་ཐུབ་

ཅེས་སོགས་ཀྱ་ིགསུང་བཤད་གནང་། ད་ེརྗེས་

བདེ་ལེགས་སྨན་ཁང་གི་འགན་འཛིན་གྱིས་འཕྲོད་

བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གི་

ངོས་ནས་ཀྲི་བི་སྔོན་འགོག་གི་ལས་གཞི་རབ་དང་

རིམ་པ་སྤེལ་བར་བརྟེན། ད་ལྟའ་ིཆར་བོད་པའ་ིནང་

ཀྲ་ིབ་ིནད་པའ་ིགྲངས་འབོར་ཉུང་དུ་ཕྱིན་ཡོད། འོན་

ཀྱང་ཀྲི་བི་ནད་གཞིའི་གནས་སྟངས་ནི་ཛ་དྲག་ཏུ་

ཕྱིན་ཡོད། ད་ེབཞིན་ལས་གཞ་ིའད་ིཚགས་ཚུད་

ཡོང་མིན་དེ་སྤྱིར་འབྲེལ་ཡོད་སྨན་ཁང་ཁག་གིས་

ལས་བྱེད་དང་། ཡང་སྒོས་ས་གནས་སུ་ཡོད་པའ་ི

སྨན་ཞབས་པ་ཚོས་གཙོས་ཀྲི་བི་ནད་གཞིའི་སྨན་

ཞབས་པ་རྣམ་པར་རག་ལུས་ཀྱ་ིཡོད། ཅེས་སོགས་

ཀྱ་ིགསུང་བཤད་གནང་ཡོད། ད་ེནས་འཕྲོད་བསྟེན་

བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།

དེ་རིང་ཀྲི་བི་ནད་གཞི་སྔོན་འགོག་གི་ཚད་མཐོའ་ི

ཟབ་སྦྱོང་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་

ཡོད། བཙན་བྱོལ་བོད་མིའ་ིསྤྱ་ིཚོགས་ནང་ཀྲ་ིབ་ི

ནད་གཞིའི་གྲངས་འབོར་དེ་གང་ཙམ་གྱི་ཉུང་དུ་

ཕྱིན་ཡོད་ཀྱང་བོད་ནང་ཀྲི་བི་ནད་གཞིའི་གྲངས་

འབོར་དེ་ཧ་ཅང་མང་པོ་འདུག་ཅེས་བོད་ཁམས་

ཁུལ་དུ་ལོ་གཉིས་ཙམ་ཀྲི་བི་སྨན་བཅོས་ཐོག་

ཉམས་ཞིབ་བྱེད་མཁན་པོ་ལན་ཌིའི་སྨན་པ་ཞིག་

གིས་གྲོང་གསེབ་ཁ་ཤས་ནང་མི་འབོར་གྱི་བརྒྱ་ཆ་

ཧ་ལམ་ ༦༠ ཙམ་ལ་ཀྲ་ིབ་ིནད་གཞ་ིའདུག་ཅེས་

བརྗོད་བྱུང། དེའ་ིརྒྱུ་མཚན་ནི། དང་པོ། བོད་མིའ་ི

འཚོ་བའི་ཟས་བཅུད་ལ་འགྱུར་བ་ཆེན་པོ་ཕྱིན་

པ་དང། གཉིས་པ། རྒྱ་ནག་ནས་ཀྲ་ིབ་ིནད་གཞ་ི

ཡོད་མཁན་བོད་ནང་གནས་སྤོས་བྱས་པ་དེ་ཚོའི་

བརྒྱུད་ནས་འགོས་ཀྱ་ིཡོད། གསུམ་པ། བོད་ནང་

གི་བོད་མིའི་སྤྱི་ཚོགས་ནང་ཀྲི་བི་ཞེས་པའི་ནད་

གཞིའ་ིང་ོབ་ོམ་ཤེས་པ་དང། རྒྱ་ནག་གཞུང་གིས་

ཀྲི་བི་ལྟ་བུའི་འགོས་ནད་ཉེན་ཚབས་ཅན་གྱི་ནད་

གཞ་ིཡོད་པར་ངོས་ལེན་བྱེད་ཀྱ་ིམེད། གལ་ཏ་ེངོས་

ལེན་བྱས་ན་གུང་ཁྲན་ཏང་གི་སྒྲིག་འཛུགས་དེས་

སྤྱི་ཚོགས་ཀྱི་འཕྲོད་བསྟེན་འགན་འཁུར་ཐུབ་ཀྱི་

མེད་པའི་རྣམ་པ་གསལ་གྱི་ཡོད་པར་བརྟེན་ངོས་

ལེན་མ་བྱས་པར་སྦས་སྐུང་བྱེད་བཞིན་ཡོད། ད་ེ

བཞིན་ཁོང་གིས་གསུང་དོན། རྒྱ་ནག་ལྟ་བུ་མ་ི

འབོར་ཆེན་པོ་ཡོད་པའི་རྒྱལ་ཁབ་ནང་ལུད་པ་

བརྟག་དཔྱད་(Culture)བྱེད་ས་མེད་སྟབས་ཧོང་

ཀོང་(Hongkong)ལ་གཏོང་དགོས་པར་བརྟེན་

ཀྲི་བི་ལྟ་བུའི་ནད་གཞིའི་ཐོག་གུང་ཁྲན་ཏང་གིས་

འགན་ག་ཚོད་འཁྱེར་གྱི་ཡོད་པ་གསལ་པོ་མཐོང་

ག་ིའདུག གནད་དོན་ད་ེཚོའ་ིཐོག་ནས་བོད་ནང་ཀྲ་ི

བི་ནད་པ་(MDR)མང་དུ་འགྲོ་བཞིན་པ་དེར་ང་ལ་

ཧ་ཅང་སེམས་འཚབ་འདུག་ཅེས་བརྗོད་བྱུང། དེར་

བརྟེན་རྒྱ་གཞུང་ནས་བོད་ནང་གི་གཏེར་དངོས་དེ་

དག་ལོངས་སུ་སྤྱད་པ་མ་གཏོགས། བོད་མ་ིཚོའ་ི

འཕྲོད་བསྟེན་ཚུན་ཆད་ལ་ལྟ་སྐྱོང་ཡག་པོ་བྱེད་ཀྱི་

མེད་སྟབས། ང་ཚོས་ད་ེལ་གདོང་ལེན་བྱེད་དགོས།

ཞེས་གསུང་བཤད་གནང་ཡོད།

ཐེངས་འདིར་སྨན་ཞབས་པ་ཚོར་

ཀྲི་བི་སྔོན་འགོག་གི་ཚད་མཐོའ་ིཟབ་སྦྱོང་འདི་

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་

ཁུངས་དང། བདེ་ལེགས་སྨན་ཁང་། དེ་བཞིན་

(AISPO & Italian Corporation) ཞེས་

པའི་ཚོགས་པ་བཅས་ནས་གོ་སྒྲིག་གནང་བ་

ཡིན་འདུག་པ་བཅས།།

བོད་རིགས་སློབ་མ་གཉིས་ལ་ཕུལ་བྱུང་གི་གཟེངས་རྟགས་ཐོབ་པ།

༄༅། །ཕྱི་ལོ་ ༢༠༡༠ ལོར་ལོན་ཌོན་མེ་ཊོ་པོ་

ལི་ཊེན་གཙུག་ལག་སློབ་གཉེར་ཁང་(London

Metropolitan University) ནས་ཚན་རིག་

ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་

ཚན་ (B.Sc hons.Computing & Math-

ematics) ཐོག་ཨང་རིམ་རྩེ་ཕུད་ལོན་པའི་སློབ་

ཕྲུག་བསྟན་འཛིན་རང་གྲོལ་དང་། དེ་བཞིན་ཚན་

རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་

སྐྱེ་དངོས་སྨན་དཔྱད་རིག་པའི་ (B.Sc.(hons.)

Biomedical Science) ཐོག་ཨང་རིམ་རྩེ་

ཕུད་ལོན་པའི་བུ་མོ་དྭགས་པོ་བསྟན་འཛིན་སྒྲོལ་

མ་གཉིས་ལ་གཙུག་ལག་སློབ་གཉེར་ཁང་དེ་

ནས་ཕུལ་བྱུང་གི་གཟེངས་རྟགས་ཐོབ་ཡོད།

དེ་ཡང་སློབ་ཕྲུག་བསྟན་འཛིན་རང་

གྲོལ་ལ་གཙུག་ལག་སློབ་གཉེར་ཁང་དེ་ནས་

གཙུག་ལག་སློབ་ཁང་གི་ཤེས་ཡོན་ཕུལ་བྱུང་གི་

གཟེངས་རྟགས་དང། རྩེ་ཕུད་སློབ་ཕྲུག་ཉི་ཤུའི་

ཁོངས་སུ་ཆེ་བསྟོད་ (University Recog-

nition Award for Acedamic Excel-

lence, Best first class honour award-

top twenty student) ཀྱི་གཟེངས་རྟགས་

ཐོབ་ཡོད། སྤྱིར་སློབ་མ་བསྟན་འཛིན་རང་

གྲོལ་ལགས་ནི་ཕྱི་ལོ་ ༢༠༠༦ ལོར་མོན་གྷོ་

གཏན་སློབ་ནས་ཐོན་ཞིང། ལོ་དེར་རྒྱ་གར་རྒྱལ་

ཡོངས་ཡིག་རྒྱུགས་ཆེན་མོར་བོད་སློབ་ཁག་

ནས་ཚན་རིག་གི་སྡེ་ཚན་ཁོངས་རྩེ་ཕུད་ལོན་

པར་བརྟེན་ཤེས་རིག་ལས་ཁུངས་ཀྱི་དགའ་ལྡན་

ཕོ་བྲང་བྱ་དགའ་ཐོབ་ཡོད། ད་ལྟའི་ཆར་ཁོང་

ལོན་ཌོན་གྱི་གཙུག་ལག་སློབ་གཉེར་ཁང་རང་

འཇགས་སུ་ཚན་རིག་གཙུག་ལག་རབ་འབྱམས་

པ་ཨང་རྩིས་ (M.Sc.Mathematics) ཐོག་

སློབ་གཉེར་བྱེད་བཞིན་ཡོད།

དེ་བཞིན་སློབ་མ་དྭགས་པོ་བསྟན་

འཛིན་སྒྲོལ་མར་གཙུག་ལག་སློབ་གཉེར་ཁང་དེ་

ནས་ (Biomedical Science prize) ཞེས་

པའི་ཚན་རིག་གཟེངས་རྟགས་ཐོབ་ཡོད། རྩ་

བའི་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ནི་ཕྱི་

ལོ་ ༢༠༠༧ ལོར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་

འཛིན་རིམ་བཅུ་གཉིས་ཐོན་པ་དང། བོད་ཁྱིམ་

སློབ་གྲྭ་ཡོངས་ནས་ཚན་རིག་གི་སྡེ་ཚན་ནང་

ཨང་དང་པོ་ལོན་མཁན་ཞིག་ཡིན། ད་ལྟའི་ཆར་

ཁོ་མོ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་

སློབ་གཉེར་ཁང་ (Australian National

University) དུ་ཚན་རིག་གཙུག་ལག་རབ་

འབྱམས་ (M.Sc. Biotechnology) ཐོག་

སློབ་གཉེར་བྱེད་བཞིན་ཡོད་པ་བཅས།།

རྒྱ་གར་བྱང་ཕྱོགས་ས་ཁུལ་ཁག་ནང་བོད་ཀྱི་ཁོར་ཡུག་ དྲིལ་བསྒྲགས་བྱེད་བཞིན་པ།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་

ཁོར་ཡུག་ཚན་པའི་ཉམས་ཞིབ་པ་དོན་གྲུབ་སྒྲོལ་

མ་བར་འཚོ་ལགས་དང་འཇིགས་མེད་ནོར་བུ་

ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་

༢༣ ནས་ ཟླ་ ༧ ཚེས་ ༢ བར་རྒྱ་གར་བྱང་

ཕྱོགས་ཨུ་ཏར་ཁཎྜ་དང་ཧི་མཱ་ཅལ་མངའ་སྡེའི་

ས་ཁུལ་བདེ་སྐྱིད་གླིང་། ར་ཇི་པུར། ཀི་ལེ་མན་

ཊོན་སྨིན་གྲོལ་གླིང་དགོན་པ། མ་སུ་རི་གཏན་

སློབ། སེ་ལ་ཀུལ་བོད་ཁྱིམ། ཧར་པ་པུར་གཏན་

སློབ། པོན་ཊ་གཏན་སློབ། པུ་རུ་ཝ་ལ་སམ་བྷོ་

ཊའི་སློབ་གྲྭ་བཅས་སུ་མཐོ་སྒང་བོད་ཀྱི་ཁོར་

ཡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་བཞིན་

ཡོད། མཐོ་སྒང་བོད་ཀྱི་ཁོར་ཡུག་གོ་རྟོགས་ཀྱི་

ལས་འགུལ་དེ་བཞིན་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་

བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་ལོ་གཅིག་

རིང་སྤེལ་རྒྱུ་ཡིན་པ་དེའི་ཆ་ཤས་ཤིག་ཡིན་

འདུག འབྲེལ་ཡོད་ལས་བྱེད་རྣམ་གཉིས་ཀྱིས་

ཕྱི་ཚེས་ ༢༣ ནས་འགོ་བཙུགས་ཏེ་ཕྱི་ཚེས་

༢༦ བར་བདེ་སྐྱིད་གླིང་དང་ར་ཇི་པུར། ཀི་ལེ་

མན་ཊོན་སྨིན་གྲོལ་གླིང་དགོན་པ། མ་སུ་རི་

གཏན་སློབ་བཅས་སུ་ཁོར་ཡུག་གོ་རྟོགས་ཀྱི་

ལས་འགུལ་སྤེལ་སྐབས་སུ་ད་བར་ཁྱོན་སློབ་མ་

གྲངས་ ༩༥༠ ཙམ་དང་བཙུན་པ་གྲངས་ ༥༠༠

ཙམ། དེ་བཞིན་སློབ་དགེ་མང་དག་ཅིག་གིས་

མཉམ་ཞུགས་གནང་ཡོད། སྐོར་བསྐྱོད་སྐབས་

འབྲེལ་ཡོད་ལས་བྱེད་རྣམ་གཉིས་ཀྱིས་དབུས་

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་

པས་བོད་ཀྱི་ཁོར་ཡུག་གནས་སྟངས་དང་འབྲེལ་

བའི་ཉམས་ཞིབ་ཀྱི་དཔེ་དེབ་དང་འོད་སྡེར། པར་

རིགས་འདྲ་མིན་སོགས་སློབ་མ་དང་དགེ་ལས།

སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། རེག་ཊར་བཅས་

ལ་བགོས་འགྲེམས་ཀྱིས་སློབ་མ་ཆུང་འབྲིང་ཆེ་

གསུམ་སོ་སོའ་ིཁམས་དང་མོས་པར་གཞིགས་

ཏེ་ཐབས་ལམ་འདྲ་མིན་གྱི་ལམ་ནས་གོ་རྟོགས་

རྒྱ་ཆེ་སྤེལ་བཞིན་ཡོད་པ་བཅས།།

༄༅། །རྒྱ་ཆེའི་མི་མང་ཡོངས་ཀྱི་སྙན་ལམ་དུ།

ཆེད་ཞུ། ཉེ་དུས་སྔ་འགྱུར་དཔལ་ཡོན་ཆོས་འཁོར་གླིང་ནས་བཀྲམ་གནང་བའི་རྒྱན་ཤོག་དེ་བོད་ལྕགས་

ཡོས་ལོའ་ིཟླ་ ༥ ཚེས་ ༡༠ དང། ཕྱི་ལོ ༢༠༡༡ ཟླ་ ༧ ཚེས་ ༢ ཉིན་ཁ་འབྱེད་རྒྱུའི་གསལ་བསྒྲགས་བྱས་ཟིན་ནའང། རྒྱན་ཤོག་ཡོངས་རྫོགས་བསྡུ་

རུབ་མ་ཐུབ་པའི་རྐྱེན་གྱིས་བོད་ཟླ་ ༧ ཚེས་ ༥ དང། ཕྱི་ཟླ་ ༩ ཚེས་ ༢ བོད་ལྗོངས་མང་གཙོའི་དུས་ཆེན་ཉིན་བར་ཕྱིར་འཐེན་བྱེད་དགོས་བྱུང་བས་

ཚང་མས་དེ་ལུགས་དགོངས་མངའ་ཡོད་པར་མཁྱེན་མཁྱེན།

སྦིར་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་གི་རྒྱུན་ལས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༧ ལ།།

Page 4: tibfreedom 29/6/11

པར་ངོས་བཞི་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༤ ཚེས་ ༢༨ ཕྱི་ཟླ་ ༦ ཚེས་ ༢9

ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་གཙུག་ལག་ཁང་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།༄༅། འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༠

ཉིན་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་

མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་

ཀྱིས་བཏང་གནས་ནང་འཁོད་དོན། འཁོན་

རིགས་བསྟན་པའི་མངའ་བདག་ས་སྐྱ་བདག་ཁྲི་

རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་

བརྩེ་ཆེན་ཀུན་ཁྱབ་གླིང་གཙུག་ལག་ཁང་དབུ་

འབྱེད་གནང་བ་དང་། ཨ་རི་སྐུ་ཚབ་དོན་གཅོད་

བློ་བཟང་སྙན་གྲགས་ལགས་ཀྱིས་དབུ་འབྱེད་

མཛད་སྒོར་གསུང་བཤད་གནང་ཡོད་པ་རེད། ཨ་

རིའི་ནིའུ་ཡོཀ་གྲོང་ཁྱེར་གྱི་ཡར་ནང་ན་ཝར་ལྡན་

(Walden) ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་

ཡོད་ཅིང་། རྣམ་ཀུན་མི་ཚོགས་ཉུང་ཞིང། ཤིན་

ཏུ་དབེན་པའི་གྲོང་ཚོ་དེའི་ནང་ས་ག་ཟླ་བའི་དུས་

ཚོད་ཁྱད་པར་ཅན་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་

ཚེས་ ༡༩ ཉིན་བོད་རིགས་དང་། ཧི་མཱ་ལ་ཡའི་རི་

རྒྱུད་ཀྱི་མི་སྣ། རྒྱ་རིགས། ཕྱི་རྒྱལ་མི་རིགས་

བཅས་མང་ཚོགས་གསུམ་སྟོང་ཙམ་འདུ་འཛོམས་

བྱུང་ཡོད་པ་དེ་དག་ནི་བརྩེ་ཆེན་ཀུན་ཁྱབ་གླིང་

གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་

ཟིན་པའི་དབུ་འབྱེད་མཛད་སྒོ་དང། གཙུག་ལག་

དབུ་འབྱེད་མཛད་མཁན་འཁོན་རིགས་བསྟན་པའི་

མངའ་བདག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་

གི་ཚེ་དབང་ལ་ཆེད་བཅར་ཞུས་པ་ཞིག་རེད་

འདུག བརྩེ་ཆེན་ཀུན་ཁྱབ་གླིང་ས་སྐྱའི་ཆོས་

ཚོགས་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་

བཟང་སྙན་གྲགས་ལགས་ལ་དབུ་འབྱེད་མཛད་

སྒོའ་ིཐོག་གསུང་བཤད་གནང་སྐྱོང་ཡོང་བའི་རེ་

འདུན་ཞུས་པ་ལྟར་ཁོང་གིས་མཛད་སྒོར་གསུང་

བཤད་དོར་བསྡུས་ཤིག་གནང་བའི་ཐོག་མར་

མཛད་སྒོར་ཕེབས་པའི་ཕྱི་རྒྱལ་མི་རིགས་དང།

གཙུག་ལག་ཁང་གསར་བཞེངས་ཀྱི་ལས་དོན་

ལ་ཕྱར་གྲུ་མཉམ་འདེགས་གནང་མཁན་ཡོངས་

ལ་ཐུགས་རྗེ་ཆེ་ཞུས་ཏེ་གསུང་དོན། ཉེ་བའི་ལོ་

ཤས་ནང་བྱང་ཨ་རིའི་ཁུལ་དུ་བོད་མིའི་མི་འབོར་

འཕར་སྣོན་འགྲོ་བཞིན་པ་དང་ཆབས་ཅིག་བོད་

པའི་ཆོས་ཚོགས་ཀྱང་མང་དུ་འགྲོ་བཞིན་ཡོད་

པ་དང་། དེ་དག་གི་ཁྲོད་ནས་དོན་གཅོད་ལས་

ཁུངས་ལ་དང་བླངས་ཐོག་ནས་འབྲེལ་བ་ཞུ་མཁན་

མི་ཉུང་བ་ཞིག་ཡོང་གི་ཡོད། དཔེར་ན། བརྩེ་

ཆེན་ཀུན་ཁྱབ་གླིང་ཆོས་ཚོགས་ལ་ཆ་བཞག་ན་

དོན་གཅོད་ལས་ཁུངས་དང་རྒྱུན་དུ་ནས་འབྲེལ་

བ་དམ་ཟབ་ཡོད་ཅིང་། ང་རང་ཚོ་བོད་མི་ཙམ་མ་

ཟད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣ་ཧ་ལམ་ཆོས་

ཚོགས་འདིར་ཕེབས་མ་མྱོང་མཁན་ཡོད་ཀྱི་མ་

རེད། དེ་ལྟའི་འབྲེལ་བ་འདིས་བོད་ཀྱི་ཆོས་དང།

རིག་གཞུང་། གོམས་གཤིས་བཅས་ང་རང་ཚོའི་

༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་པའི་སྐོར་ལ་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་འགྲེལ་བརྗོད་གནང་བ།

རྒྱུད་ལ་འཇགས་པ་བྱེད་རྒྱུར་ཕན་ཐོགས་ཆེན་

པོ་ཡོང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་

དང་། ཡང་ཁོང་གིས་གསུང་དོན། བོད་མི་བཙན་

བྱོལ་བའི་གནས་སྟངས་འགྱུར་མཚམས་ཆེན་པོ་

ཞིག་ལ་བསླེབས་ཡོད། ང་རང་ཚོའི་མཐར་ཐུག་

གི་དམིགས་ཡུལ་ནི་རང་ཡུལ་བོད་ལ་ཕྱིར་ལོག་

བྱེད་རྒྱུ་དེ་ཡིན། དེ་ལྟའི་དམིགས་ཡུལ་བསྒྲུབ་

པར་བཙན་བྱོལ་བ་རྣམས་སྔར་ལས་ལྷག་པའི་

མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ་དང་། ང་

ཚོའི་སྒྲིག་འཛུགས་འདི་སྲ་བརྟན་ཞིག་དགོས་ཀྱི་

ཡོད་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། འདས་

པའི་མི་ལོ་ ༥༢ ལ་ཕྱིར་མིག་བལྟས་ཚེ། ང་ཚོའི་

སྒྲིག་འཛུགས་དེའི་གནས་སྟངས་ནི་ང་རང་ཚོ་

ཚང་མ་སྤོབས་པ་སྐྱེ་དགོས་པ་ཞིག་ཆགས་ཡོད་

ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་

རྗེས་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་

བདག་ཁྲི་རིན་པོ་ཆེ་མཆོག་གིས་ཚོགས་ཡོངས་

ལ་གསུང་བཤད་གནང་སྐབས། ནུབ་ཕྱོགས་

ཡུལ་གྲུ་ཁག་ནང་བོད་ཀྱི་ཆོས་དང་། རིག་གཞུང་

ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་

དུས་སྐབས་འདིར་གྲོང་སྡེ་འདིའི་ནང་དུ་ཡང་

ཚང་མར་ཕན་པའི་ཆེད་དུ་གཙུག་ལག་ཁང་ཞིག་

གསར་བཞེངས་ཐུབ་ན་ཞེས་ཕྱི་ལོ་ ༢༠༠༠ ཙམ་

ནས་སྐད་ཆ་བྱུང་བ་ལྟར་དེ་རིང་དངོས་སུ་གསར་

བཞེངས་ལེགས་པར་གྲུབ་སྟེ། ཚང་མས་ཐུགས་

འཁུར་ཆེ་བཞེས་ཀྱིས་འདིར་ཕེབས་པར་ཐུགས་

རྗེ་ཆེ་ཞུ་གི་ཡོད་ཅེས་དང་། ཡང་རིན་པོ་ཆེ་མཆོག་

གིས་གསུང་དོན། གཙུག་ལག་ཁང་འདི་འདྲ་ཞིག་

བཞེངས་དགོས་པའི་དོན་དག་གཙོ་བོ་ནི་སངས་

རྒྱས་ཀྱི་བསྟན་པ་དར་བ་དང་། འགྲོ་བ་ཡོངས་

ལ་ཕན་པའི་ཆེད་དུ་ཡིན་པས། དེའི་ཐོག་ཚང་

མས་འབད་བརྩོན་གནང་རོགས། གཙུག་ལག་

ཁང་གསར་བཞེངས་ལ་ཕྱག་རོགས་གནང་མཁན་

ཡོངས་དང་། ལྷག་པར་ས་གནས་ཡུལ་མི་རྣམས་

ཀྱིས་བརྩེ་བ་ཆེན་པོའ་ིསྒོ་ནས་གཞོགས་འདེགས་

གནང་བར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་

ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད། དབུ་འབྱེད་

ཀྱི་མཛད་སྒོ་གྲུབ་རྗེས་ས་སྐྱ་གོང་མ་རིན་པོ་ཆེ་

མཆོག་གིས་ཕྱི་ནང་གི་སེར་མང་ཚོགས་གསུམ་

སྟོང་ཙམ་ལ་ཚེ་དབང་གནང་ཡོད། བརྩེ་ཆེན་ཀུན་

ཁྱབ་གླིང་གཙུག་ལག་ཁང་དབུ་འབྱེད་མཛད་སྒོ་

དང་། ཚེ་དབང་ལ་བོད་མི་དང་། ཧི་མཱ་ལ་ཡའི་རི་

རྒྱུད་ཀྱི་མི་སྣ། སོག་རིགས། རྒྱ་རིགས། ཕྱི་

རྒྱལ་བ་བཅས་ཁྱོན་མི་གྲངས་ ༣༠༠༠ ལྷག་ཙམ་

ནས་མཉམ་ཞུགས་གནང་ཡོད་པ་བཅས།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༣

ཉིན་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་

མཆོག་ལ་༸གོང་ས་མཆོག་གིས་སྐུ་དབང་

རྩིས་སྤྲོད་མཛད་པའི་སྐོར་ནོར་ཝེ་བོད་ཀྱི་རླུང་

འཕྲིན་ཁང་ནས་བཀའ་དྲི་ཞུས་པར་ཁོང་གིས་

འགྲེལ་བརྗོད་གནང་དོན། ཉེ་ཆར་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་

དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་

མང་ནས་ཐད་ཀར་འོས་འདེམས་བྱས་པའི་དབུ་

ཁྲིད་ཚོར་གསོལ་རས་སྩལ་བ་དང་། དེ་བཞིན་

བོད་སྐད་ནང་བཙན་བྱོལ་བོད་གཞུང་ཞེས་

པའི་མཚན་བྱང་བརྗེ་སྒྱུར་གནང་རྒྱུའི་ཐོག་ལ་

བོད་པའི་ནང་རྩོད་གླེང་དང་སྐད་ཆ་མང་དག་

ཅིག་ཡོང་བཞིན་འདུག སྐད་ཆ་དེ་ཚོའི་ནང་ལྟ་

སྐབས་དེ་དག་གནང་དགོས་པའི་རྒྱུ་མཚན་དང་

གནད་འགག་གསལ་པོ་མ་རྟོགས་པའི་མཐོང་

ཚུལ་བྱུང་། དེ་ཙམ་མ་ཟད་ད་ལྟའི་དུས་དེར་

བོད་མི་མང་དག་ཅིག་བློ་ཕམ་བྱེད་རྒྱུ་དང་། དེ་

བཞིན་གཞིས་ལུས་བོད་མི་རྣམས་ནས་གནས་

ཚུལ་ཆ་ཚང་མ་རྟོགས་པའི་འགྲེལ་བཤད་དེ་

དག་གསན་བ་ཡིན་ན། བློ་ཕམ་ཡོང་རྒྱུ་དང་

སེམས་ཤུགས་ཆག་རྒྱུ་དེ་འདྲ་ཡོང་གི་འདུག་

བསམས་ཏེ། འགྱུར་བ་གཏོང་དགོས་པའི་རྒྱུ་

མཚན་གང་ཡིན་པའི་ཐོག་ངས། ད་ལྟའི་ང་ཚོའི་

སྤྱི་ཚོགས་ནང་འགྲོ་བཞིན་པའི་བགྲོ་གླེང་དང་

རྩོད་གླེང་ནང་གཅིག་བྱས་ན་གནས་ཚུལ་ཁ་

ཤས་གསལ་དུ་གཏོང་རྒྱུ་དང་། དངོས་ཡོད་

གནས་ཚུལ་མཁྱེན་རྟོགས་ཆེད་ཐུགས་ཕན་

གསོས་ཀྱི་རེད་སྙམ་ནས་དེ་སྔོན་རྩོམ་འབྲི་ལམ་

ནས་གསལ་བཤད་བྱས་པ་ཡིན།

དེ་བཞིན་སྐད་ཆ་དེ་དག་ནང་བོད་

མི་མང་གི་མིང་ཐོག་ལ་བཀའ་མོལ་གནང་རྒྱུའི་

ཐོབ་ཐང་མེད་པ་ཆགས་པ་རེད་ཅེས་སོགས་

ཀྱི་གནས་ཚུལ་ཡོང་གི་འདུག ད་ལྟའི་བཅའ་

ཁྲིམས་བསྐྱར་བཅོས་གནང་བ་དེ་དག་ལ་གསལ་

པོ་གཟིགས་ན། སྔོན་གླེང་ནང་བོད་མིའི་སྒྲིག་

འཛུགས་ཀྱི་འབྱུང་ཁུངས་ག་རེ་ཡིན་པའི་ལོ་

རྒྱུས་གསལ་པོ་བཀོད་འདུག སྔོན་གླེང་ནང་བོད་

མིའི་སྒྲིག་འཛུགས་དེ་བོད་མི་ས་ཡ་དྲུག་གིས་

ངོས་འཛིན ་བྱས་པའི ་སྐུ་

ཚབ་ཡིན་པ་གསལ་པོ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་

ལས་འགན་དེ་ཡང་བོད་མི་

ས་ཡ་དྲུག་གི་བདེ་དོན་དང་

མ་འོངས་པའི ་ཆབ་སྲིད ་

སོགས་གང་གི་ཐོག་ལ་ཡིན་

རུང། དེ་བསྒྲུབ་རྒྱུ་ཡིན་པ་

ཧ་ཅང་གསལ་པོ་འདུག་སྙམ་

གྱི་ཡོད། ད་ལྟ་ང་ཚོའི་སྤྱི་

ཚོགས་ནང་བགྲོ་གླེང་བྱེད་

བཞིན་པའི་ཁྲོད་སྔོན་གླེང་

ནང་བཀོད་ཡོད་པ་དེ་དག་ལ་

དོ་སྣང་དང་གནད་འགག་རྩིས་མེད་པའི་མཐོང་

ཚུལ་བྱུང།

ཕྱོགས་མཚུངས་ད་ལྟ་འགྱུར་བ་བཏང་བ་དེའི་

ཐོག་ནས་བོད་མིའི་དབུ་ཁྲིད་རྣམས་ནས་བོད་

པའི་བདེ་དོན་རྩོད་རྒྱུར་དུས་ཡུན་ག་ཚོད་འགོར་

ཡང་མུ་མཐུད་གནས་རྒྱུར་དགོངས་པ་བཞེས་

འདུག་སྙམ་གྱི་ཡོད། བོད་པའི་འཐབ་རྩོད་ཡུན་

རིང་གནས་རྒྱུའི་ཆ་རྐྱེན་གཙོ་བོ་དེ་བོད་མིའི་

སྒྲིག་འཛུགས་མུ་མཐུད་གནས་དགོས་པ་ཞིག་

ཡིན། དེར་བརྟེན་བོད་པའི་འཐབ་རྩོད་དང་བོད་

མིའི་སྒྲིག་འཛུགས་དེ་ཡུན་རིང་གནས་ཐབས་

ཆེད་ད་ལྟའི་བསྒྱུར་བཅོས་དེ་བཏང་གནང་བ་

རེད་སྙམ་གྱི་ཡོད། དེའི་ཐོག་ནས་རྒྱ་ནག་དང་

རྒྱལ་སྤྱིའི་ནང་ནས་གོ་བརྡ་ག་རེ་ལེན་དགོས་

པ་རེད་ཅེ་ན། བོད་མིའི་དབུ་ཁྲིད་དང་བོད་མིའི་

སྒྲིག་འཛུགས་ཀྱིས་བོད་ཀྱི་འཐབ་རྩོད་ལ་དུས་

ཡུན་ག་ཚོད་འགོར་ཡང་སྙིང་སྟོབས་ཞུམ་མེད་

དང་ལྷག་བསམ་རྣམ་དག་གིས་བོད་ཀྱི་བདེན་

དོན་རྩོད་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་ཞིག་

གོ་བརྡ་ལེན་དགོས་པར་མཐོང་གི་འདུག་སྙམ་གྱི་

ཡོད་ཅེས་གསུངས་ཡོད་པ་བཅས།

ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའ་ིནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།༄༅། །ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའ་ིའགྲེམས་སྟོན་ཁང་ (Moscow State Museum) གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༩ ནས་ ༢༦ བར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའ་ིནང་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད། དེ་ཡང་ཕྱི་ཚེས་

༡༩ ཉིན་གྱི་དབུ་འབྱེད་མཛད་སྒོའ་ིསྐབས་༸གོང་ས་མཆོག་གི་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་འབྲས་སྤུངས་སྒོ་མང་གྲྭ་ཚང་ངོ་སྤྲོད་གནང་བ་དང་སྦྲགས། བོད་ཀྱི་ཆོས་དང་རིག་གཞུང་སྐོར་དང་ལྷག་པར་ཨུ་རུ་སུ་སྤྱི་མཐུན་

རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་བྷུར་ཡ་(Buryatia) དང་ཁལ་མུཀ (Kalmykia) ཐུ་ཝ་(Tuva)བཅས་དང་བོད་མིའི་དབར་བྱུང་རབས་ལོ་རྒྱུས་ཐོག་ཆོས་ཕྱོགས་ཀྱི་འབྲེལ་བ་ཇི་ཡོད་གསལ་བཤད་གནང་། དེ་རྗེས་༸གོང་ས་མཆོག་གི་ཉིན་

ཞག་ཕྲུགས་གཅིག་གི་མཛད་འཕྲིན་སྐོར་གྱི་བརྙན་འཕྲིན་ཨུ་རུ་སུའི་སྐད་ནང་ཡོད་པ་དེ་མང་ཚོགས་ལ་བསྟན་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་གཅིག་དང་བོད་ཀྱི་སྒྱུ་རྩལ་ལས་གྲུབ་པའི་བཟོ་བརྐོས་འདྲ་མིན་དང་ལྷ་བྲིས་

སོགས་ཀྱང་འགྲེམས་སྟོན་གནང་ཡོད། སྐབས་དེར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་སྤྲུལ་བསྟན་འཛིན་ཆོས་དབྱངས་ཀྱིས་དབུ་ཁྲིད་པའི་དགེ་འདུན་པ་བདུན་གྱིས་སྒྲོལ་ལྗང་གི་རྡུལ་མཚོན་དཀྱིལ་འཁོར་བཤམས་པ་དེར་མང་ཚོགས་

རྣམས་ཀྱིས་དོ་སྣང་དང་དགའ་མོས་ཧ་ཅང་ཆེན་པོ་བྱས་ཡོད། ལྷག་པར་ཉིན་བརྒྱད་པ་དེར་སྒྲོལ་ལྗང་གི་རྡུལ་མཚོན་དཀྱིལ་འཁོར་བཤིག་སྐབས་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་བ་མ་ཟད། ཁལ་མུཀ་ནང་པའི་མཐུན་ཚོགས་ཀྱི་གཙོ་འཛིན་ཏེ་ལོ་

རིན་པོ་ཆེ་མཆོག་ཀྱང་ཕེབས་ཏེ་མཛད་སྒོར་གཏམ་བཤད་གནང་སྐབས་བོད་ཀྱི་ནང་ཆོས་གལ་ཆེ་ཚུལ་དང་ལྷག་པར་བོད་ནང་གི་ད་ལྟའི་གནས་སྟངས་རྣམས་གསལ་བཤད་གནང་ཡོད། དེ་བཞིན་སྐབས་དེར་ཁོང་གིས་འདས་པའི་བྱུང་རབས་ལོ་རྒྱུས་ཁྲོད་

ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་ཚོ་དང་འབྲས་སྤུངས་སྒོ་མང་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་ལུགས་རྣམས་ཞིབ་ཕྲ་འགྲེལ་བཤད་གནང་། ཐེངས་འདིར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་སྤྲུལ་བསྟན་འཛིན་ཆོས་དབྱངས་

ལགས་ཀྱིས་གཙོས་དགེ་འདུན་པ་བདུན་གྱིས་རྒྱལ་ས་མོ་སི་ཁོ་ཙམ་མ་ཟད། ཨུ་རུ་སུའི་གྲོང་ཁྱེར་ཨོམ་སིཀ་(Omsk) དང་ནོ་ཝོ་སི་བྷི་རི་སི་ཀི (Novosibirsk) བྷར་ན་ཡུལ། (Barnayul) བྷེ་ཡག་སི། (Biysk) ཀེ་མེ་རོ་ཝ་(kemerova) སོགས་

ལའང་ཕེབས་ཏེ་བོད་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་གོ་རྟོགས་རྒྱ་ཆེ་སྤེལ་གནང་ཡོད་པ་བཅས།།

Page 5: tibfreedom 29/6/11

པར་ངོས་ལྔ་པ།དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོགབོད་ཟླ་ ༤ ཚེས་ ༢༨ ཕྱི་ཟླ་ ༦ ཚེས་ ༢9

བཟུང་བཙོན་འཇུག་བྱས་འདུག

ད་ལྟའི་ཆར་ཁོང་གཉིས་བཙོན་ཁང་ནང་མནར་

གཅོད་མྱོང་བཞིན་ཡོད་པ་དང་ནང་མི་སོགས་ལ་

ཐུག་འཕྲད་བྱེད་འཇུག་གི་མེད་པ་མ་ཟད། ཟས་

གོས་ཀྱང་སྤྲོད་དུ་འཇུག་གི་མེད་པ་རེད།

བཙུན་མ་ཆོས་བཟང་ནི་སྐྱེས་ཡུལ་དཀར་མཛེས་

རྫོང་། རང་པ་ཚ་ཞི་ཆེ་ཤང། གཡར་ནང་གྲོང་

ཚོར་ཕ་སྐལ་དགའ་དང་མ་དངོས་གྲུབ་སྒྲོལ་

མ་གཉིས་སུ་སྐྱེས། ད་ལྟ་རང་ལོ་ ༣༡ ཡིན་

འདུག བཙུན་མ་དཔལ་ཕྲུག་ནི་སྐྱེས་ཡུལ་དཀར་

མཛེས་རྫོང། ཞི་སེར་ཤང། རི་མདའ་གྲོང་། ཕ་

མིང་ངོས་པ་དང་མ་བདེ་ཆེན་དབྱངས་མཚོ་

གཉིས་སུ་སྐྱེས། ད་ལྟ་རང་ལོ་ ༣༤ ཡིན་འདུག

དེ ་བཞིན་ཆབ་སྲིད་བཙོན་ཟུར་

དོན་འགྲུབ་བཀྲིས་ལགས་ཀྱིས་ཁུངས་ལྡན་གྱི་

གནས་ཚུལ་བཏང་གནས་ནང་འཁོད་དོན། ཕྱི་

ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༦ ཉིན་བོད་ཁམས་

དཀར་མཛེས་རྫོང་མདའ་མདོ་ཤང་གི་བུད་མེད་

བདེ་དབང་དང་དཔའ་མོ་གཉིས་ཀྱིས་དཀར་

མཛེས་རྫོང་ཐོག་གི་ཁྲོམ་གཞུང་དུ་༼བོད་རང་

བཙན་གཙང་མ་ཡིན། ༸རྒྱལ་བ་རིན་པོ་ཆེ་

མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ༸རྒྱལ་

བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས༽

ཞེས་སོགས་ཀྱི་སྐད་འབོད་བྱས་པ་དང་ལྷན་

བོད་དོན་དྲིལ་བསྒྲགས་ཀྱི་ནང་དོན་འཁོད་པའི་

ཡིག་ཆ་གནམ་ལ་གཏོར་ནས་ཞི ་བའི ་སྐད་

འབོད་བྱེད་སྐབས། རྒྱ་གཞུང་གི་ཉེན་རྟོག་མི་སྣ་

འབྱོར་ཏེ་འཛིན་བཟུང་བྱས་འདུག

བདེ་དབང་གི་ཕ་མིང་ལ་མཁོ་སྒྲུབ་

དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས་པའི་གནས་ཚུལ་ཁག་གཅིག༄༅། །འདི་གར་སེར་བྱེས་ཏྲེ་ཧོར་གྱི་དགེ་

འདུན་པ་དཀར་མཛེས་པདྨ་ཚེ་དབང་ལགས་

ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༢༣ ཉིན་

བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡

ཟླ་ ༦ པའི་ཚེས་ ༡༨ ཉིན་བོད་ནང་གི་སྔ་དྲོ་ཆུ་

ཚོད་དྲུག་པ་ཙམ་ཞིག་ལ་ཁམས་དཀར་མཛེས་

ཉ་རྒྱས་དགོན་གྱི་བཙུན་མ་བློ་བཟང་དབྱངས་

མཚོ་དང་། བློ་བཟང་མཁའ་འགྲོ། འཕྲིན་ལས་

སྒྲོལ་མ་གསུམ་གྱིས་དཀར་མཛེས་རྫོང་ཐོག་

ཏུ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་

ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་

དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་

ལ་གདན་འདྲེན་ཞུ་དགོས། བོད་ནང་ཆོས་དད་

རང་དབང་དགོས་ཞེས་སོགས་ཀྱི་སྐད་ཤུགས་

ཆེན་པོས་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་པ་

དང་ལྷན་ཡིག་ཆ་མང་པོ་གཏོར་འགྲེམས་བྱས་

འདུག འོན་ཀྱང་ཁོང་གསུམ་གྱིས་འགྲེམས་

གཏོར་བྱས་པའི་ཡིག་ཆའི་ནང་དོན་གང་ཡིན་

གསལ་ཁ་མ་ཤེས་ཀྱང་དུས་ཡུན་ཐུང་ངུ་ལས་

མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་

ཏེ་ཁོང་གསུམ་ལ་ཉེས་རྡུང་ཚད་མེད་གཏོང་

བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག

གོང་དུ་འཁོད་པའི་བཙུན་མ་གསུམ་

ནས། ༡༽ རང་ལ་ོ ༢༦ ཡིན་པ་བཙུན་མ་བླ་ོ

བཟང་དབྱངས་མཚ་ོལགས་ནི། སྐྱེས་ཡུལ་དཀར་

མཛེས་རྫོང་། དར་རྒྱས་འདན་མ་ཤང་། གླང་ཕྱུག་

གྲོང། ཕ་བླ་ོདབྱངས་དང་། མ་ཡ་མ་ལྷ་མ་ོགཉིས་སུ་

སྐྱེས། ༢༽ བཙུན་མ་བླ་ོབཟང་མཁའ་འགྲ་ོལགས་

ནི། དཀར་མཛེས་རྫོང་། གོང་ལུང་ཤང་། རུ་ཁག་ལྔ་

པ། གཤོང་རིང་མདོ། ཕ་བྱམས་པ་རྒྱ་མཚ་ོདང། མ་

བུ་མ་ོམཚ་ོགཉིས་ལ་སྐྱེས་ཤིང་། ད་སྐབས་རང་ལ་ོ

༣༤ ཡིན་འདུག ༣༽ བཙུན་མ་འཕྲིན་ལས་སྒྲོལ་

མ་ལགས་ནི། དཀར་མཛེས་རྫོང་། གོང་ལུང་ཤང་

། རུ་ཁག་དྲུག་པ། ཆུ་ཁམས་གྲོང་། ཕ་བླ་ོབཟང་

བསོད་ནམས་དང་། མ་བད་ེཆེན་སྒྲོལ་མ་གཉིས་ལ་

སྐྱེས་ཤིང་ད་ལྟ་རང་ལ་ོ ༣༠ ཡིན་འདུག

ཕྱི་ཟླ་ ༦ པའི་ཚེས་༡༥ ཉིན་དཀར་

མཛེས་དགེ་མ་བྲག་དགོན་གྱི་བཙུན་མ། བྱམས་

པ་ཆོས་སྒྲོན་དང་། ཞེ་ལྷ་མོ། དབྱངས་ཅན་ནམ་

མཚན་གཞན་བཀྲ་ཤིས་ཚེ་མཚོ་གསུམ་གྱིས་

དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། ༸གོང་

ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་

རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་

ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་

འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་

པར་བརྟེན། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་

པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་

འཛིན་བཟུང་བཙོན་འཇུག་བྱས་འདུག རང་ལོ་

༣༡ ཡིན་པ་བཙུན་མ་བྱམས་པ་ཆོས་སྒྲོན་ནི།

སྐྱེས་ཡུལ་དཀར་མཛེས་རྫོང་། ཐིང་ཁ་ཤང།

ཇོ་ཁང་ནང་ཞེས་པའི་གྲོང་དུ། ཕ་དངོས་གྲུབ་

ཕུན་ཚོགས་དང་། མ་ཡ་དགའ་གཉིས་སུ་སྐྱེས།

བཙུན་མ་དབྱངས་ཅན་ནམ་མཚན་གཞན་བཀྲ་

ཤིས་ཚེ་མཚོ་ནི། སྐྱེས་ཡུལ་དཀར་མཛེས་

རྫོང། འབྲོག་སྡེ་ཤིག་ཡིན་འདུག ཁོང་གིས་

ཕ་བློ་བཟང་སྟོབས་ལྡན་དང་། མ་པད་དབྱངས་

གཉིས་སུ་སྐྱེས་པ་དང་། ད་ལྟ་རང་ལོ་ ༢༨ རེད་

འདུག

གཞན་ཡང་ཕྱི་ཟླ་ ༦ པའི་ཚེས་

༦ ནས་ད་བར་ཉིན་གྲངས་ ༢༡ ཙམ་གྱི་རིང་

རྒྱ་གཞུང་ཉེན་རྟོག་པས་དཀར་མཛེས་ནས་

འཛིན་བཟུང་བཙོན་འཇུག་བྱས་པ་གུས་པས་

ཤེས་རྟོགས་བྱུང་བ་མི་གྲངས་ ༢༧ ཡོད། འོན་

ཀྱང་ཉེ་ཆར་བོད་ནས་འབྲེལ་ཡོད་བརྒྱུད་ནས་

གོ་ཐོས་བྱུང་གསལ་མི་གྲངས་བཞི་བཅུ་ལས་

མང་བ་འཛིན་བཟུང་བྱས་འདུག གོང་ཞུས་ཞི་

རྒོལ་གྱི་བྱུང་རིམ་ནང་། དགེ་འདུན་པ་ ༩ དང།

བཙུན་མ་ ༡༦། མི་སྐྱ་བུད་མེད་ ༢ དང་། དཀར་

མཛེས་རྫོང་ཁོངས། དཀར་མཛེས་དགོན་པ།

དར་རྒྱས་དགོན་པ། བེ་རི་དགོན་པ། ཁང་དམར་

དགོན་པ། རྩིས་ཚང་དགོན་པ། ཉི་མོ་དགེ་ཚུལ་

དགོན་པ། ལམ་བྲག་བཙུན་དགོན། དགེ་མ་བྲག་

བཙུན་དགོན། ཉ་རྒྱས་བཙུན་དགོན། དགའ་

ལྡན་ཆོས་གླིང་བཙུན་དགོན་བཅས་དགོན་ཁག་

བརྒྱད་ཙམ་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་དཀར་མཛེས་

རྫོང་ཐོག་ཏུ་དར་རྒྱས་དགོན་གྱི་བཙུན་མ་ཆོས་

བཟང་དང་། བཙུན་མ་དཔལ་ཕྲུག་གཉིས་ཀྱིས་སྔ་

དྲོའ་ིཆུ་ཚོད་ ༩ གཡས་གཡོན་ལ་དཀར་མཛེས་

ཁྲོམ་གཞུང་དུ་བོད་ལ་རང་དབང་དགོས་༼༸གོང་

ས་མཆོག་སྐུ་ཚ་ེཁྲ་ིལོར་བརྟན་པ་ཤོག ༸གོང་ས་

མཆོག་བོད་ལ་མྱུར་དུ་གདན་འདྲེན་ཞུ་དགོས།

ཞེས་པའི་ཞི་རྒོལ་སྐད་འབོད་བརྒྱབ་པ་དང་ཆབས་

ཅིག་བོད་རང་བཙན་དགོས་ཞེས་པའི་ཡིག་ཆ་

འགྲེམས་གཏོར་བྱས་རྗེས་རྒྱ་གཞུང་གི་ཉེན་རྟོག་

མི་སྣས་ཁོང་གཉིས་ཀྱི་ལུས་པོ་བསྡམས་བཀྱིགས་

ཀྱིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་

བཙུན་མ་ཆོས་བཟང།

རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པར་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ།༄༅། །འད་ིགར་བཞུགས་སྒར་ཀིརྟིའ་ིབྱེས་པ་

གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་

ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་

གཉིས་ཀྱིས་ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༢༤ ཉིན་

བཏང་གནས་ནང་འཁོད་དོན།

ཕྱ་ིལ་ོ ༢༠༡༡ ཟླ་ ༦ ཚེས་ ༢༤ ཉིན་

འབྱོར་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་གཅིག

འད་ིལོའ་ིཕྱ་ིཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟ་ིདགོན་

པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་

ཀྱིས་རང་སྲོག་བློས་བཏང་གིས་ད་ལྟའི་བོད་ནང་

གི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་ཐོག་གསལ་

སྟོན་བྱས་ཡོད་ལ། སྐབས་དེར་རྔ་པ་རྫོང་མཁར་

དུ་ཡོད་པའི་བོད་མི་རྣམས་ནས་ཀྱང་རང་ཉིད་ཀྱི་

མངོན་འདོད་གསལ་བརྗོད་ཡོད་པ་མ་ཟད། ད་

ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་

བྱུས་ལ་འདོད་པ་མེད་པའི་ངོ་རྒོལ་སྐད་འབོད་

བྱས་པར་བརྟེན། རྐྱེན་ད་ེལ་བརྟེན་ནས་ཕྱ་ིཟླ་ ༣

ཚེས་ ༢༠ ཡས་མས་སུ་རྔ་པ་རྫོང་སྤྲ་ོཚིགས་ཞང་

ཀ་ཉག་སྡ་ེབའ་ིབར་མ་ཚང་ག་ིདཔལ་འབྱོར། རང་

ལ་ོ ༣༨ ཡིན་པ་ཁོང་འཛིན་བཟུང་གིས་བཀག་

ཉར་བྱས་ཡོད། ཁོང་གསུམ་པའ་ིབཅུ་དྲུག་ག་ིམ་ི

མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་

དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་

འདུག ཁོང་ག་ིཕ་མིང་ལ་རྒྱ་མཚ་ོཞུ་བ་སྔ་མ་ོནས་

འདས་ཟིན། མ་མིང་ལ་སྒྲོན་མཚ་ོཞུ་བ་སྙིང་ག་ིན་

ཚ་ཡོད་སྟབས་ཁོང་འཛིན་བཟུང་བྱས་ནས་ཟླ་བ་

གསུམ་ལྷག་སོང་ཡང་ཁོང་འཛིན་བཟུང་བྱས་པའི་

སྐོར་གསང་བ་བྱས་ཏ་ེཤེས་སུ་བཅུག་མ་ིའདུག ད་ེ

བཞིན་ཁོང་གི་ཁྱིམ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་

བཅས་ནང་མ་ིགསུམ་ཡོད།

དེང་སྐབས་རྔ་པ་ཀིརྟི་དགོན་པའི་

མཐའ་ཚང་མ་སྔར་བཞིན་དམག་མིས་བསྐོར་ནས་

ཕྱི་ནང་གི་འགྲོ་འོང་བཀག་སྡོམ་བྱེད་མུས་ཡིན་

པ་མ་ཟད། ནང་དུ་དག་ེའདུན་པ་རྣམས་ལ་རྒྱལ་

གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་

འགུལ་མུ་མཐུད་སྤེལ་མུས་ཡིན་པ་དང། རྒྱ་

གཞུང་གི་ལས་བྱེད་པ་བཞི་བརྒྱ་ཡས་མས་ཤིག་

རྒྱུན་དུ་དགོན་པའ་ིནང་སྡོད་མུས་ཡིན་འདུག ད་ེ

མིན་ཉེན་རྟོག་པ་དང་དམག་མི། དམིགས་བསལ་

ཉེན་རྟོག་པ་བཅས་ཀྱིས་དགེ་འདུན་པ་རྣམ་པའི་

ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་

ལ་དངོས་སུ་བྱ་ར་བྱེད་བཞིན་ཡོད་པ་མ་ཟད།

བརྙན་ཕབ་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་

རིགས་དགོན་པའི་ཕྱོགས་ཚང་མར་བཀལ་ཏེ་

དགེ་འདུན་པ་རྣམས་ལ་བསུན་གཙེ་བཟོ་མུས་

ཡིན་འདུག མཚམས་ར་ེདག་ེའདུན་པ་ར་ེཟུང་

ཁྲོམ་སོགས་ལ་གཏོང་གི་ཡོད་ཀྱང་འགན་ལེན་པ་

ཡིན་ཟེར་བའི་ལས་བྱེད་པ་རེས་རྗེས་འདེད་བྱེད་

བཞིན་འགྲ་ོག་ིཡོད་འདུག དེང་སྐབས་བོད་ཟླ་བཞ་ི

པ་ནི་རྒྱུན་ལྡན་གྱི་དགོན་པའི་ཆོས་མཚམས་ཆེན་

མ་ོཡིན་ཞིང་། སྐབས་དེར་འབྲོག་ཕྱོགས་ཀྱ་ིསྡ་ེབ་

མང་པོས་སྤྱི་སྒེར་གྱི་ཞབས་བརྟན་ཁག་བསྒྲུབ་རྒྱུ་

སོགས་ལ་དགེ་འདུན་པ་རྣམས་ཕེབས་རྒྱུའི་རེ་བ་

ཆེན་པོ་བྱས་དང་བྱེད་མུས་ཡིན་ཡང་རྒྱ་གཞུང་

གིས་བསམ་ཤེས་གཏན་ནས་བྱེད་ཀྱི་མེད་པའི་

གནས་ཚུལ་ཐོན་འདུག་པ་བཅས།

དང་མ་མིང་ལ་བསོད་ནམས་དབྱངས་ཅན་

བརྗོད་ཀྱི་འདུག དེ་བཞིན་དཔའ་མོའ་ིཕ་མིང་

ལ་དགྲ་འགུལ་དང་མ་མིང་ལ་རིན་ཆེན་སྒྲོལ་

མ་བརྗོད་ཀྱི་འདུག དཔའ་མོའ་ིཕ་སངས་རྒྱས་

བཀྲ་ཤིས་སམ༼དགྲ་འགུལ༽ལགས་ཀྱིས་ཕྱི་

ལོ་ ༢༠༠༨ ལོར་དཀར་མཛེས་རྫོང་ཐོག་ཏུ་ཞི་

རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་རྐྱེན་རྒྱ་ནག་

གཞུང་གིས་འཛིན་བཟུང་བྱས་རྗེས་ཕལ་ཆེར་

ལོ་དྲུག་གི་ཁྲིམས་ཐག་བཅད་དེ་ད་ལྟའང་རྒྱ་སྡེ་

ཁྲིན་ཏུའུ་མན་ཡང་བཙོན་ཁང་དུ་གནས་མུས་

ཡིན་འདུག

སངས་རྒྱས་བཀྲིས་སམ་༼དགྲ་

འགུལ༽ལགས་ཀྱི་གཅུང་པོའམ་བཙུན་པ་

བསོད་ནམས་དངོས་གྲུབ་ཀྱང་དེ་སྔོན་ལོ་མང་

རིང་བཙོན་དུ་ཚུད་དེ་ཉེ་སྔོན་གློད་བཀྲོལ་ཐོབ་ནས་

ལ་ོང་ོགཉིས་ཙམ་སོང་ཡོད་པ་དང་། ཁོང་གློད་

བཀྲོལ་ཐོབ་སྐབས་ལུས་པོ་གཅོང་ནད་ཅན་དུ་གྱུར་

ཡོད། ད་ལྟའ་ིཆར་སངས་རྒྱས་བཀྲིས་ཀྱ་ིནང་དུ་

ཤུགས་ལས་བྱེད་མཁན་ཁྱིམ་གྱི་མནའ་མ་ཁོ་ན་

ལས་མེད་པ་མ་ཟད། གཞན་ཡང་ཕྲུ་གུ་ཆུང་ཆུང་

དང་གཅོང་ནདཅན་དུ་གྱུར་བའི་བཙུན་པ་བསོད་

ནམས་དངོས་གྲུབ་བཅས་ལ་གཡོག་བྱེད་དགོས་

ཀྱ་ིཡོད། ད་ེབཞིན་དགྲ་འགུལ་གྱ་ིཁྱིམ་ཞིང་ཡོངས་

རྫོགས་གྲོང་པ་ཁྱིམ་མཚེས་ཚོས་རོགས་སྐྱོར་

འོག་འདེབས་ལས་བྱེད་བཞིན་ཡོད་པ་དང་། དེང་

སྐབས་ཡ་ང་བའི་གནས་སྟངས་དེའི་འོག་ཁོང་ལ་

དཀའ་ངལ་མང་དག་ཅིག་འཕྲད་དང་འཕྲད་མུས་

ཡིན་འདུག་པ་བཅས། །

Page 6: tibfreedom 29/6/11

པར་ངོས་དྲུག་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག བོད་ཟླ་ ༤ ཚེས་ ༢༨ ཕྱི་ཟླ་ ༦ ཚེས་ ༢9

༼བདུན་ཕྲག་སྔོན་མའ་ིའཕྲོས།༽

བཀའ་ཁྲི་མཆོག་གིས་སློབ་ཕྲུག་ཚོར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་ཡོན་ལམ་སྟོན་སྐོར་གསུང་བཤད་གནང་བ།

དྲང་བདེན་དགོས་པར་འདྲ་མཉམ་དགོས་

ཀྱི་ཡོད། དྲང་བདེན་དང་འདྲ་མཉམ་གང་ཡང་

མེད་པའི་གནས་བབ་ཅིག་ནས་འཆམ་མཐུན་

ཡོང་རྒྱུ་མེད། ཅེས་ལན་འདེབས་གནང་།

ཡང་སློབ་མ་ཞིག་གིས་ཉེ ་ཆར་

བོད་གཞུང་མིང་བསྒྱུར་གནང་བ་དེར་མི་མང་

པོ་ཞིག་ནས་བོད་གཞུང་མེད་པའི་དོགས་པ་

ཡོང་གི ་འདུག་པས་དེའི ་ཐོག་དོགས་སེལ་

གནང་རོགས་ཞུས་པར། བཀའ་ཁྲི་མཆོག་

གིས་གསུང་དོན། ༸གོང་ས་མཆོག་ཕྱི་ལོ་

༡༩༥༩ ལོའ་ིཟླ་ ༣ ཚེས་ ༡༧ མཚན་མོ་

ནོར་བུ་གླིང་ཀ་ནས་ཆིབས་ཐོན་མཛད་དགོས་

བྱུང་བ་རེད། རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་

དགོས་པའི ་ཚོད ་དཔག་བཀའ་ཤག་དང་

གཞུང་གི་སྲི་ཞུ་བ་ཚོས་གནང་མེད། ༸གོང་

ས་མཆོག་གིས་ལྷོ་ཁ་བར་དུ་ཆིབས་བསྒྱུར་

བསྐྱངས་ཏེ་བསྐྱར་དུ་རྒྱ་མི་མཉམ་དུ་བཀའ་

མོལ་མཛད་རྒྱུའི་དགོངས་བཞེས་དང་། ལྷ་

ས་ནས་ཉེ་ཡོལ་ཆེད་ལྷོ་ཁར་ཆིབས་བསྒྱུར་

བསྐྱངས་ཡོད། དེ་དུས་ལྷོ་ཁ་ཆ་ཚང་ཆུ་བཞི་

སྒང་དྲུག་གི་དང་བླངས་དམག་གིས་བཟུང་སྟེ།

རྒྱ་དམག་ཉུང་ཉུང་ཞིག་ལས་མེད་པ་དང་དེ་

ཡང་མཐའ་སྐོར་ནས་བཀག་ཡོད། ལྷོ་ཁ་ས་

ཆ་ཕྲན་བུ་བཙན་པ་ལྟ་བུར་བརྩིས་ཏེ་ནོར་བུ་

གླིང་ཀ་ནས་ལྷོ་ཁར་ཆིབས་སྒྱུར་གྱིས་གཡུལ་

རྒྱལ་ལྷུན་རྩེ ་རྫོང ་དུ ་གཞུང་གནས་སྤོས་

གནང་བའི་གསལ་བསྒྲགས་བསྐྱངས་པ་རེད།

རྒྱལ་ས་ལྷ་སར་ཡོད་པའི་བོད་གཞུང་དེ་ལྷོ་

ཁ་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་སྤོས་པ་དང།

བྱེས་ཀྱི ་གཞུང་བཙུགས་པ་ཡིན་ཟེར་བའི ་

གསལ་བསྒྲགས་ཤིག་བསྐྱངས་ཡོད། འོན་

ཀྱང་དེར་ཉིན་ཤས་ཤིག་མ་གཏོགས་བཞུགས་

རྒྱུ་བྱུང་མེད། མཐའ་མ་རྒྱ་གར་ལ་ཆིབས་སྒྱུར་

བསྐྱངས་ཏེ། འདི་གར་༸ཞབས་སོར་འཁོད་

རྗེས་རྒྱ་གར་གཞུང་དང་བོད་གཞུང་བར་ནང་

དོན་གོ་རྟོགས་ག་རེ་ཡོད་དམ། ༸གོང་ས་

མཆོག་གི་མཛད་འཕྲིན་གང་བསྐྱང་རྒྱུ་དང་

བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ཡོངས་

སུ་རྫོགས་པ་སྒྲིག་འཛུགས་ཀྱི་ག་རེ་བྱེད་རྒྱུ་

ཡོད་པ་ཆ་ཚང་ང་ཚོས་བྱས་ན་ འགྲིགས་ཀྱི་

ཡོད། འོན་ཀྱང་བཙན་བྱོལ་བོད་གཞུང་ཞེས་

པའི་ཐ་སྙད་དེ་བེད་སྤྱོད་མི་བྱེད་བའི་ནང་དོན་

དེ་རེད།

ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༡

ཉིན་ཇོ་ཧཱ་ལ་ནེ་རུས་༸གོང་ས་མཆོག་མཇལ་

ཁར་བཅར་ཏེ་ཐུགས་ལྷོད་ཐོག་ཆུ་ཚོད་གསུམ་

བཞི་བཀའ་མོལ་གནང་སྟེ་བཞུགས་པ་རེད། དེ་

དུས་༸གོང་ས་མཆོག་གིས་བྱུང་རིམ་དེ་དག་

བཀའ་གནང་སྟེ་ང་ཚོ་ལྷ་ས་ནས་གཡུལ་རྒྱལ་

ལྷུན་རྩེ་རྫོང་ལ་གཞུང་དེ་སྤོས་པ་ཡིན། འོན་

ཀྱང་དེར་མ་གནས་པར་རྒྱ་གར་དུ་ཡོང་དགོས་

བྱུང་ཞེས་བཀའ་སློབ་སྩོལ་སྐབས་ནེ་རུ་ལམ་

སེང་འདྲོགས་ནས་རྐུབ་སྟེགས་ལ་ལག་པ་

བརྡབས་ཏེ་འདིར་བཙན་བྱོལ་གཞུང་ང་ཚོས་

ངོས་ལེན་བྱེད་ཀྱི་མེད། ལྷུན་རྩེ་རྫོང་ནས་

སྤོས་ཀྱང་འདིར་ང་ཚོས་ངོས་ལེན་བྱེད་ཀྱི་མ་

རེད། ཅེས་ནེ་རུས་གསུངས་ཡོད། དེར་༸གོང་

ས་མཆོག་གིས་འདིར་བཙན་བྱོལ་གཞུང་

ཡོད་བརྗོད་ཀྱི་མེད། ང་ཚོའི་ཡོང་ལུགས་

ཡོང་སྟངས་ཏེ་ལྷ་ས་ནས་ལྷུན་རྩེ་རྫོང་བརྒྱུད་

འདིར་བསླེབས་པ་རེད། དེའི་བྱུང་བ་ཤོད་ཀྱི་

ཡོད་པ་མ་གཏོགས་བཙན་བྱོལ་གཞུང་འདིར་

བསླེབས་ཡོད་ཟེར་གྱི་མེད། ཅེས་བཀའ་ལན་

སྩལ་ཡོད། དེའི་གཡས་གཡོན་དུ་༸གོང་ས་

མཆོག་གིས་གསར་འགོད་གསལ་བསྒྲགས་

ཐོག་མ་དེ་བསྐྱངས་ཡོད། དེའི་སྐབས་༸གོང་

ས་མཆོག་གིས། ང་དང་ངའི་བཀའ་ཤག་གང་

དུ་ཡོད་པ་དེར་བོད་མི་ས་ཡ་དྲུག་གི་བོད་ཀྱི་

ཁྲིམས་མཐུན་གཞུང་ཡོད་པར་ཁོང་ཚོས་ངོས་

འཛིན་བྱེད་ཀྱི་ཡོད། བོད་མི་ས་ཡ་དྲུག་གི་

ཁོང་རང་ཚོའི་ཁྲིམས་མཐུན་གཞུང་༸རྒྱལ་བ་

རིན་པོ་ཆེ་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་

ཤག་གང་དུ་ཡོད་པར་ངོས་འཛིན་བྱེད་ཀྱི ་

ཡོད། འོན་ཀྱང་ང་ཚོའི་ངོས་ནས་རྒྱ་གར་དང་

ཕྱིའི་རྒྱལ་ཁབ་སུ་ལའང་དེ་ངོས་འཛིན་བྱེད་

དགོས་ཡོད་ཅེས་བརྗོད་ཀྱི་མེད། གཞུང་ཟེར་

བ་དེ་ཁྲིམས་མཐུན་དང་ཚད་ལྡན་ཡིན་མིན་དེ་

ག་པར་ལྟ་དགོས་རེད་དམ་ཞེ་ན། རྒྱལ་ཁབ་

དེ་རང་གི་མི་མང་གིས་ག་རེ་ཁས་ལེན་བྱེད་

ཀྱི་ཡོད་པ་དེར་གཙོ་བོར་རག་ལུས་པ་ཞིག་

རེད། བོད་མི་ས་ཡ་དྲུག་གི་༸རྒྱལ་བ་རིན་པོ་

ཆེ་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་ཤག་ལ་

ཁོང་རང་ཚོས་ཁྲིམས་མཐུན་གྱི་གཞུང་ཡིན་

པར་ངོས་འཛིན་བྱེད་ཀྱི་མེད་ན། མཉམ་འབྲེལ་

རྒྱལ་ཚོགས་ཀྱི་མཚོན་རྒྱལ་ཁབ་མང་པོས་ང་

ཚོ་བཙན་བྱོལ་གཞུང་ངོས་ལེན་བྱེད་ཀྱི་ཡོད་

ཀྱང་ཕན་ཐོགས་གང་ཡང་མེད། ཁྲིམས་མཐུན་

ཆགས་ཀྱི་མེད།

ང ་རང་ཚོའི ་མིས ་བཙན་བྱོལ ་

གཞུང་ཁས་ལེན་བྱེད་ཀྱི་ཡོད་ན། ཕྱིའི་མི་སུ་

གང་གི་ཁས་ལེན་བྱེད་ཀྱི་མེད་ཀྱང། ང་ཚོའི་

ཁྲིམས་མཐུན་གནས་བབ་དེ ་བརླག་གི ་མ་

རེད། རྒྱ་གར་གཞུང་དང་བོད་གཞུང་བར་ལ་

མོས་མཐུན་ག་རེ་བྱུང་ཡོད་དམ་ཞེས་བརྗོད་

ན་ C T A ཞེས་ཐ་སྙད་དེ་ཆགས་ཏེ། ཕྱི་ལོ་

༡༩༥༩ ནས་ད་བར་ཐ་སྙད་དེ་འགྱུར་བ་མེད་

པ་བེད་སྤྱོད་བཏང་དང་གཏོང་བཞིན་པ་རེད།

ཐ་སྙད་དེར་རྒྱལ་སྤྱི་ཕྱི་དང་རྒྱ་གར་ནང་ལ་

རྩོད་པ་མེད། རྩོད་མེད་ཡོངས་གྲགས་ཀྱི་ཐ་

སྙད་ཅིག་རེད། འདས་པའི་ལོ་ ༥༢ རིང་ལ་རྒྱ་

གར་དབུས་གཞུང་དང། མངའ་སྡེའི་གཞུང།

གཞུང་འབྲེལ་མིན་པའི་ཚོགས་པ། ཞི་བའི་སྤྱི་

ཚོགས་ཚང་མའི་ནང་བཙན་བྱོལ་བོད་གཞུང་

གི་མིང་དེ་དབྱིན་ཇིའི་སྐད་ཀྱི་ཐ་སྙད་ནང་ (C

T A) དེ་ཡོངས་གྲགས་ཆགས་ཡོད། འོན་

ཀྱང་བོད་སྐད་ལ་མང་ཆེ ་བས་བཙན་བྱོལ་

གཞུང་ཞེས་འབྲི་ཡི་ཡོད། འགའ་ཤས་ལ་

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བྲིས་

ཡོད། གང་ལྟར་བྲིས་སྟངས་ཁ་ཤས་བྱུང་ཡོད།

ལྷག་པར་ཕྱི་ལོ་ ༡༩༩༡ ལོར་གཏན་ལ་ཕབ་

པའི་བཅའ་ཁྲིམས་ནང་བཙན་བྱོལ་བོད་གཞུང་

བྲིས་ཡོད། དབྱིན་སྐད་དུ་བསྒྱུར་སྐབས་ (C T

A) ཆགས་ཀྱི་ཡོད་པ་མ་གཏོགས་ (Tibet

government in Exile) ཟེར་བ་དེ་ཆགས་

ཀྱི་མེད་ལ་བེད་སྤྱོད་ཀྱང་གཏོང་གི་མེད། ཕྱི་

ལོ་ ༡༩༦༨། ༡༩༦༩ ནང་༸གོང་ས་མཆོག་

གིས་དགོངས་བཞེས་མཛད་དེ་མ་འོངས་བར་

ང་ཚོའི་སྒྲིག་འཛུགས་འདི་བརྟན་པོ་གནས་

དགོས་རྒྱུ་ཞིག་ཡིན་པར་བརྟེན། བཙན་བྱོལ་

གཞུང་གི ་ཚབ་བཙན་བྱོལ་བོད་མིའི ་སྒྲིག་

འཛུགས་འདི་རྒྱ་གར་ནང་དེབ་ སྐྱེལ་བྱས་

པའི་ཚོགས་པ་ཞིག་གི་ངོ་བོར་འགྱུར་ན་ཡག་

པོ་མེད་དམ་ཞེས་དེ་དུས་བཀའ་ མོལ་བྱུང་

སྐོར་སོགས་དང་།

ཡང་བཀའ་ཁྲི་མཆོག་གིས་གསུང་

དོན། བར་ལམ་ཕྱི་ལོ་ ༢༠༠༨ ལོ་ནས་དེ་ཉེན་

ཁ་ཞིག་མཐོང་སྟེ་རྒྱ་གར་ནང་ལ་གློ་བུར་ཉེན་

ཁ་མེད་ནའང་ཕྱི་རྒྱལ་ཁག་ནང་ཉེན་ཁ་ཞིག་

མཐོང་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་

ཀྱིས་ཕྱི་རྒྱལ་ཚོར་༸རྒྱལ་བ་རིན་པོ་ཆེ་དང་

ཕྱི ་རྒྱལ་དབུ་ཁྲིད་ཚོ ་མཇལ་འཕྲད་མཛད་

རྒྱུའི་བཀག་འགོག་བྱེད་སྐབས། བཙན་བྱོལ་

བོད་མིའི་བཅའ་ཁྲིམས་ཀྱི་དེབ་དེ་ཁྱེར་ཡོང་

ནས་ཁྱེད་རང་གིས་༸རྒྱལ་བ་རིན་པོ་ཆེ་ཆོས་

ཀྱི་དབུ་ཁྲིད་ཡིན་བརྗོད་ཀྱི་ཡོད་ཀྱང། ཆོས་

ཕྱོགས་དབུ་ཁྲིད་མ་རེད་དེབ་འདིའི་ནང་ལྟོས་

དང་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་

ཟེར་བ་དེ་རེད། འདིའི་ནང་རྒྱལ་ཁབ་དང་

གཞུང་གི་དབུ་ཁྲིད་ཡིན་ཞེས་བྲིས་འདུག དེར་

བརྟེན་དེ་འདྲའི་ཡིག་ཆ་ཡོད་མཁན་ཞིག་ཁྱེད་

རང་ཚོས་ངོས་ལེན་བྱས་ན། ཁྱེད་ཆོས་རྒྱ་

ནག་གཅིག་གི ་སྲིད་བྱུས་ཡིན་ཟེར་བ་དང་

བོད་རྒྱ་ཁོངས་ཡིན་ཟེར་བའི་ཁས་ལེན་བྱས་

པ་གཉིས་ཀ་དང་འགལ་གྱི་ཡོད། ཅེས་བརྗོད་

ནས་གནོན་ཤུགས་སྤྲོད་སྐབས་ཁོང་ཚོས་ལན་

རྒྱག་ཁག་པོ་ཞེ་དྲག་འདུག ཐ་སྙད་དབྱིན་ཇི་

དང་མཐུན་པ་ང་ཚོ་སྲུང་སྐྱོབ་ཆེན་པོ་ཞིག་བྱེད་

ཐུབ་ཀྱི་ཡོད་ན་ཐེ་ཚོམ་བྱེད་དགོས་རྒྱུ་མེད།

དོན་དག་ཆེ་ཤོས་དེ་གང་རེད་དམ་ཞེ་ན་བཙན་

བྱོལ་བོད་མི་ཡོངས་སུ་རྫོགས་པས་རྡ་རམ་ས་

ལར་ཡོད་པའི་སྒྲིག་འཛུགས་འདི་ཁོང་ཚོའི་

ཁྲིམས་མཐུན་གྱི་གཞུང་ཡིན་པ་དང་བཙན་

བོད་གཞུང་ཡིན་པ་དེ་ངོས་ལེན་བྱེད་དགོས།

དེ་ངོས་ལེན་མེད་པ་ཆགས་ན། ང་ཚོས་ཡིག་

ཆའི་ནང་བཙན་བྱོལ་བོད་གཞུང་ཞེས་འབུམ་

བྲིས་ནའང་ཕན་ཐོགས་གང་ཡང་མེད། གཞིས་

བྱེས་བོད་མི་ཡོངས་རྫོགས་ཀྱི་བོད་ཀྱི་ཁྲིམས་

མཐུན་གྱི་གཞུང་ཡིན་པར་ངོས་ལེན་བྱས་ཏེ་

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་

ཆེས་བློ་གཏད་ཡོད་ན། ཡི་གེའི་ནང་བཙན་

བྱོལ་བོད་གཞུང་ཞེས་པ་འདི་མེད་ཀྱང་ང་ཚོ་

དང་ཁྲིམས་ཀྱི་ནུས་པ་ཆུང་དུ་འགྲོ་རྒྱུའི་གནས་

ཚུལ་རྩ་བ་ནས་མེད། ཅེས་སོགས་ཀྱི་ལན་

འདེབས་གནང་ཡོད་པ་བཅས། །

༸གོང་ས་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་རྗེས་གནང་སྩལ་བ།༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨

ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་ལ་ཝི་ཏི་ནམ་(Vietnam) དད་

ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི ་ལྟར་

སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་

བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་

ཚེས་ ༢༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་

ལག་ཁང་དུ་རྟེན་འབྲེལ་བསྟོད་པའི་བཀའ་

ཆོས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༩ ཉིན་

མཇུག་སྒྲིལ་མཛད་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་

ཐོག་སྒྲུབ་ཞག་སྔོན་དུ་མཛད་པའི ་སྒོ ་ནས་

ཆུ་ཚོད་ ༨།༣༠ ཐོག་ཐེག་ཆེན་ཆོས་གླིང་

གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་

སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་

གིས་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་ ༥༠༠

གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་ཆོས་ཞུ་

བ་ཁྱོན་མི་གྲངས་ ༥༥༠༠ བརྒལ་བར་རྗེ་

ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་

པའི་བཀའ་ཆོས་མཇུག་སྒྲིལ་མཛད་ཡོད།

དེ ་ རྗེ ས ་སྤྱན ་ རས ་གཟི གས ་

ཀྱི ་རྗེས་གནང་བཀའ་དྲིན་ཆེ ་བ་སྩལ་གྲུབ་

བསྟུན། ཝི་ཏི་ནམ་དད་ལྡན་པ་རྣམས་ནས་

༸གོང་ས་མཆོག་ལ་ཐུགས་རྗེ་ཞུ་དང་སྦྲགས་

མགོན་པོ་གང་ཉིད་མཆོག་འགྲོ་བ་སེམས་ཅན་

ཡོངས་ཀྱི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་ཆེད་

དཀར་གཙང་མཇལ་དར་དང་མཆོད་སྤྲིན་མེ་

ཏོག་སོགས་ཀྱི ་ལམ་ནས་བརྟན་བཞུགས་

འདེགས་འབུལ་ཞུས་ཡོད།

དེ ་བཞིན ་ཉིན ་རྒྱབ་ཝི ་ཏི ་ནམ་

དད་ལྡན་ཆོས་ཞུ་བ་རྣམས་ལ་༸གོང ་ས་

༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་

ཁ་དང། ཉིན་གཉིས་རིང་བཀའ་ཆོས་སྩལ་

བའི་སྐབས་ཁོང་རྣམས་ནས་གསལ་རྟོགས་

མ ་བྱུང ་བ ་དང ་དོགས་འདྲི ་གང ་ཡོད ་པ ་

རྣམས་ལ་བཀའ་ལན་སྩལ་ཏེ ་རྣམ་དཀར་

ཆོས་ཀྱི་ལམ་སྣེ་རྒྱ་ཆེར་འདྲེན་པར་མཛད་

ཡོད་པ་བཅས།